འབར་མའི་དཔུང་དམག་དང་གྱེན་ལོག་པའི་དབར་འཁྲུག་རྩོད།

འབར་མའི་གཞུང་དང་རང་དབང་དམག་དཔུང་ཞེས་པའི་དབར་འཁྲུག་རྩོད་བྱུང་བཞིན་པའི་གནས་ཚུལ།

2011.06.18

༄༅༎འབར་མའི་གཞུང་འབྲེལ་རྒྱུད་ལམ་ཐོག་གཟའ་སྤེན་པའི་ཉིན་གནས་ཚུལ་སྤེ་བའི་ནང་འབར་མའི་ས་འཚམས་སུ་དྲག་ཟིང་གི་དོན་རྐྱེན་བྱུང་ཡས་དེ་བཞིན་ གྱེན་ལོག་ཤོག་ཁག་གིས་བཟོས་པ་ཞིག་ཡིན་པར་སྐྱོན་འཛུགས་བྱས་ཡོད་པ་རེད། 

གཟའ་འཁོར་སྔོན་མ་ནས་དེ་རིང་བར་འབར་མའི་ཀ་ཆིན་མངའ་སྡེའི་ཁུལ་དུ་ཀ་ཆིན་རང་དབང་དམག་དཔུང་ཞེས་པའི་གྱེན་ལོག་ཚོགས་པ་དང་། འབར་མའི་དམག་དཔུང་དབར་དྲག་ཟིང་བྱུང་ནས་དེ་རིང་གཟའ་སྤེན་པའི་ཉིན་ལ་ཡང་དྲག་ཟིང་གདོང་ཐུག་ཡོངས་སུ་འཚམས་འཇོག་བྱུང་མེད་པའི་སྐོར་འབར་མའི་དཔོན་རིགས་ནས་ར་ཁྲོད་བྱས་ཡོད་རེད། འབར་མའི་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་དྲག་ཟིང་གི་དོན་རྐྱེན་དེ་བཞིན་ གྱེན་ལོ་ཤོག་ཁག་གིས་གཞུང་གི་གློག་ཁང་འཛུགས་སྐྲུན་ལས་གཞིར་གཏོར་སྐྱོན་གཏོང་རྩིས་ལ་རྟེན་ནས་འབར་མའི་དམག་དཔུང་གིས་རང་སྲུང་ཆེད་ཁ་གཏད་འགོག་རྒོལ་བྱས་ལུགས་འཁོད་ཡོད་པ་རེད། འབར་མའི་དཔོན་རིགས་ཀྱིས་ཀྱང་  གྱེན་ལོག་ཤོག་ཁག་གིས་མངའ་ཁུལ་དེའི་ནང་གཟམ་པ་མང་པོར་གཏོར་སྐྱོན་བཏང་ལུགས་དང་མངའ་ཁུལ་གྱི་བདེ་འཇགས་གནས་སྟངས་ཧ་ཅང་དམ་དྲག་ཡོད་པར་བརྟེན་ནས་མི་སེར་མང་པོ་དམག་འཁྲུག་ལས་གཡོལ་ཐབས་ཆེད་ས་མཚམས་ཁུལ་དུ་བྲོས་བྱོལ་དུ་བསྐྱོད་ཀྱི་ཡོད་པ་བརྗོད་འདུག ཀ་ཆིན་རང་བཙན་དམག་དཔུང་ཞེས་པས་བརྗོད་ན། འབར་མ་གཞུང་གིས་མེ་འཕེན་ཐོག་མ་བྱས་ཡོད་པ་དང་། འབར་མ་གཞུང་གིས་མི་སེར་ལ་བཙན་དབང་ཐོག་ནས་དམག་དཔུང་ནང་ཞུགས་བཅུག་གི་ཡོད་པར་བརྟེན་ནས་མི་སེར་མང་པོ་གྱེན་ལོག་ཚོགས་པས་སྟངས་འཛིན་བྱེད་སའི་མངའ་ཁུལ་དེའི་ནང་བྲོས་བྱོལ་དུ་ཡོང་གི་ཡོད་པ་བརྗོད་འདུག ད་རེས་འབར་མའི་ས་འཚམས་ཁུལ་དུ་གྱེན་ལོག་ཤོག་ཁག་དང་འབར་མའི་དམག་དཔུང་དབར་མེ་འཕེན་བྱུང་ཡས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་འབར་མ་གཞུང་གིས་མངའ་ཁུལ་དེའི་བརྒྱུད་དུ་རྒྱ་ནག་དང་མཉམ་དུ་གློག་ཁང་གསར་རྒྱག་ལས་གཞི་སྤེལ་ནས་རྒྱ་ནག་ནས་ལས་མི་བརྒྱ་གྲངས་ལས་གཞི་དེའི་ནང་ལས་ཀ་བྱེད་མཁན་ཚོ་རྒྱ་ནག་ལ་ཕྱིར་ལོག་གཏོང་དགོས་པའི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎