སྟོན་པའི་འཚེམས་ཀྱི་རིང་སྲེལ་འབར་མར་གདན་འདྲེན་ཞུས་པ།
2011.11.06
༄༅༎སྟོན་པ་བཅོམ་ལྡན་འདས་ཀྱི་སྐུའི་འཚེམས་ཀྱི་རིང་སྲེལ་བསྐྱར་ཡང་རྒྱ་ནག་ནས་འབར་མར་གདན་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་ནང་བཞུགས་བཞིན་པའི་སངས་རྒྱལ་ཀྱི་རིང་སྲེལ་དེ་ཉིན་ཉིན་གྲངས་༤༨རིང་འབར་མའི་ནང་གདན་ཞུ་གནང་རྒྱུར་ཡུལ་གཉིས་ཀྱིས་ཆོས་དོན་ལྷན་ཁང་དབར་གྲོས་མཐུན་གྱི་ཆིངས་དོན་ཞིན་སྣོན་འཇོག་གིས་རེས་གཟའ་ཉི་མའི་ཉིན་མཆོད་རྟེན་ཞིག་གི་ནང་བརྟན་དུ་བཞུགས་པའི་རེང་སྲེལ་དེ་པེ་ཅིང་རྒྱལ་སྤྱིའི་གནམ་ཐང་ནས་གདན་ཞུ་གནང་ཡོད་ལུགས་གཞུང་འབྲེལ་གསལ་བསྒྲགས་སྤེལ་འདུག རྒྱ་ནག་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་ཁྲུའན་ཡིན་གྱིས་སངས་རྒྱས་ཀྱི་རིང་སྲེལ་འབར་མའི་གདན་ཞུ་ཐུབ་པ་དེས་གཉིས་ཀྱི་མཛའ་འབྲེལ་སྲ་བརྟན་ཡོད་པའི་རྣམ་པ་མཚོན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག རིང་སྲེལ་འདི་བཞིན་ད་བར་འབར་མའི་ནང་ཕྱི་ལོ་༡༩༥༥ནས་ད་བར་ཐེངས་བཞི་གདན་ཞུས་གནང་ཡོད་འདུག རིང་སྲེལ་གདན་ཞུ་མ་གནང་གོང་པེ་ཅིང་གི་ལིངྒ་ཀང་ལྷ་ཁང་ནང་ཐོན་མཇལ་མཛད་སྒོའི་སྐབས་དད་ལྡན་པ་ཆིག་སྟོང་ཙམ་འདུ་འཛོམས་བྱས་ཡོད་འདུག།