རྒྱ་གཞུང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས།

དབྱིན་ཇིའི་སྲིད་བློན་ནས་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་རྒྱུ་གལ་ཆེ་ཞེས་གསུངས་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་འདུག

2008.08.21

༄༅༎དབྱིན་ཇིའི་སྲིད་བློན་མཆོག་ནས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པ་མ་ཟད་བོད་མིའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་རེད་ཅེས་གསུང་གླེང་གནང་ཡོད་འདུག།

རོའུ་ཀྲར་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། དབྱིན་ཇིའི་སྲིད་བློན་མཆོག་རིང་མིན་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་མཇུག་བསྡོམས་མཛད་སྒོའི་སྐབས་ཕེབས་ཀྱི་ཡོད་པའི་སྐབས་ཁོང་གིས་རྒྱ་ནག་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་འདུག། དེ་ཡང་ཁོང་གིས་རེས་གཟའ་ལྷག་པའི་ཉིན་ གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ནིག་ཀེ་ལེག་གིས་ སྲིད་བློན་མཆོག་ལ་རྒྱ་ནག་ལ་ཕེབས་ཀྱི་ཡོད་པའི་དུས་ཚོད་དང་བསྟུན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་སྲིད་བློན་མཆོག་ནས། རྒྱ་ནག་མཉམ་འབྲེལ་བ་བྱེད་རྒྱུ་དང༌། ཨོ་ལིམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཞིག་རེད། ཡིན་ནའང་དེས་འགྲོ་བ་མིའི་ཐོབ་ཐང་བློས་བཏང་པར་མཚོན་གྱི་ཡོད་མ་རེད། རྒྱ་ནག་ནས་ད་བར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཡག་པོ་བཏང་ཡོད་རེད། ཡིན་ནའང་གནད་དོན་མང་པོ་ཞིག་ཐོག་ད་དུང་ཡར་རྒྱས་གཏོང་དགོས་ཀྱི་ཡོད་རེད། འགྲོ་བ་མིའི་ཐོབ་ཐང་ནི་ཨོ་ལིམ་པིག་རྩེད་འགྲན་གྱི་དུས་ཚོད་གཅིག་པུའི་སྐབས་མ་ཡིན་པར་རྒྱུན་དུ་ནས་དགོས་རྒྱུ་གལ་ཆེན་པོ་རེད་ལ་དེའི་ཐོག་རྒྱ་ནག་ལ་ཕེབས་པའི་སྐབས་ལྷུག་པོ་གསུངས་རྒྱུ་ཡིན་ཞེས་བཀའ་གནང་ཡོད་འདུག།

ཡང་སྲིད་བློན་མཆོག་ནས་ཉེ་ཆར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་བཅར་འདྲི་དང་ལན་ཞུས་པའི་སྐབས་སུ། རྒྱ་ནག་གཞུང་ནས་བོད་ནང་གི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་སྲུང་བརྩི་ཞུ་དགོས་ཀྱི་རེད་ལ་ང་ཚོའི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་དྲག་ཤུགས་ཀྱིས་སེལ་རྒྱུ་མེད་ལུགས་གསུངས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎