དབྱིན་ཇིའི་དཔལ་འབྱོར་རིག་པའི་རྩོམ་བྲིས་མཁན།

Unto This Lastཞེས་པའི་མཚན་སྙན་ཆེ་བའི་དཔེ་དེབ་དེ་བྲིས་གནང་ནས་འདི་ལོ་ལོ་ངོ་༡༥༠འགྲོ་གི་ཡོད་པ་རེད་

2011.01.03

༄༅༎དབྱིན་ཇིའི་དཔལ་འབྱོར་རིག་པའི་ཐོག་རྩོམ་བྲིས་གནང་མཁན་ཇོན་ར་སི་ཀིན་ཡིས་བྲིས་གནང་བའི་Unto This Lastཞེས་པའི་མཚན་སྙན་ཆེ་བའི་དཔེ་དེབ་དེ་བྲིས་གནང་ནས་འདི་ལོ་ལོ་ངོ་༡༥༠འགྲོ་གི་ཡོད་པ་རེད་

དཔེ་དེབ་དེའི་ནང་གི་དགོངས་དོན་དེས་དཔལ་འབྱོར་རིག་པའི་ཐོག་བསམ་བློ་བཏང་ཕྱོགས་ཐོག་མཐའ་ཅིག་ཏུ་འགྱུར་བ་བཏང་ནས་མི་མང་པོར་སེམས་འགུལ་ཐེབས་པའི་ཁོངས་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་མཆོག་ཡང་གཅིག་ཡིན་པ་རེད་            ཕྱི་ལོ་༡༩༠༤ལོར་གེན་རྡི་མཆོག་གིས་དཔེ་དེབ་དེ་ཁོང་ལྷོ་ཨཕི་རི་ཀའི་ཡུལ་ནང་བཞུགས་སྐབས་ལྗགས་ཀློག་གནང་ཡོད་ཅིང་ཁོང་གིས་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ནང་དཔེ་དེབ་ཀློག་འགོ་ཚུགས་ནས་ཀློག་མ་ཚར་བར་མར་བཞག་ཐུབ་མ་སོང་ཞེས་ཁོང་གི་ལོ་རྒྱུས་ནང་བཀོད་ཡོད་པ་རེད་ ཁོང་གིས་ངའི་སེམས་གཏིང་ནས་ཡིད་ཆེས་བྱས་པའི་དོན་གནད་ཁག་ཅིག་དཔེ་དེབ་དེ་ནས་ཤེས་སོང་ དཔེ་དེབ་དེས་ངའི་སེམས་བཀུག་པ་དང་མི་ཚེར་འགྱུར་བ་བཏང་སོང་ཞེས་གེན་རྡི་མཆོག་གི་རང་ཉིད་ཀྱི་ལོ་རྒྱུས་ནང་བཀོད་ཡོད་པ་རེད་

དབྱིན་ཇིའི་རྩོམ་བྲིས་པ་ཇོན་ར་སི་ཀིན་མཆོག་གིས་Unto This Lastཞེས་པའི་དཔེ་དེབ་དེ་ཕྱི་ལོ་༡༨༦༠ལོར་བྲིས་གནང་བ་དང་དཔེ་དེབ་དེ་སྐབས་དེའི་མ་རྩའི་རིང་ལུགས་ཐོག་བྲིས་གནང་བའི་དཔེ་དེབ་ཁག་ལ་དཔྱད་པ་གནང་བའི་དཔེ་དེབ་ཅིག་ཡིན་པ་རེད་ ཇོན་ར་སི་ཀིན་ མཆོག་གིས་བྲིས་གནང་བའི་དཔེ་དེབ་དེས་དུས་སྐབས་དེའི་དཔལ་འབྱོར་རིག་པ་བ་ཨེ་ཌམ་སི་མིཐ་དང་དྲེ་ལྦིདྲ་རི་ཁའར་ཌོ་དང་ཇོན་སི་ཀྲུ་ལྦཏ་མིལ་རྣམ་པས་བྲིས་གནང་བའི་དཔེ་དེབ་ཁག་གི་ནང་དོན་དང་ཐ་དད་བྲིས་གནང་བར་རྩོད་གཞི་ཆེན་པོ་ཆགས་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎