རྒྱ་གར་ཕྱོགས་འགལ་ཆབ་སྲིད་ཚོཌ་པའི་ཚོཌ་མི་བགྲེས་པའི་སྐོར།

རྒྱ་གར་གྱི་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་བགྲེས་པ་ཇ་སི་ལྦན་སིང་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་རེད།

2009.08.19

༄༅༎ཧིན་རྡུའི་རྒྱལ་ཞེན་ཅན་གྱི་རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་སྦི་ཇེ་པི་ཡིས་ཚོགས་པའི་ཚོགས་མི་བགྲེས་པ་ཇ་སི་ལྦན་སིང་གིས་པ་ཀི་སི་ཐན་གྱི་མེས་པོ་མོ་ཧ་མརྡ་ཨ་ལི་ཇི་ན་ནི་སྐྱེ་བོ་གྲགས་ཅན་ཞིག་ཡིན་སྐོར་དེབ་ཅིག་བརྩམས་བྲིས་གནང་བར་རྩོམ་དེབ་དེ་བཞིན་ཚོགས་མིའི་ནང་ཁུལ་གྱོད་གཞིའི་གནད་དོན་ཅན་དུ་གྱུར་ཏེ་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་རེད།

རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་སྦི་ཇེ་པི་ཚོགས་མི་རྣམ་པ་ཚོས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ནང་ཚོགས་པའི་ལངས་ཕྱོགས་དང་འཐབ་བྱུས་སོགས་ཀྱི་ཐད་ལ་བསམ་ཚུལ་གོ་བསྡུར་སྦྱང་བཤད་གནང་བའི་ཆེད་དུ་ཚོགས་འདུ་འཚོགས་བཞིན་པ་ཡིན་པ་རེད། ཧིན་རྡུའི་རྒྱལ་ཞེན་ཅན་གྱི་རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རཇ་ནཐ་སིང་མཆོག་གིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ལ་གསལ་བསྒྲགས་གནང་གསལ་ལྟར་ན་ཚོགས་པའི་ཚོགས་མི་ཇ་སི་ལྦན་སིང་གིས་པ་ཀི་སི་ཐན་གྱི་མེས་པོ་མོ་ཧ་མརྡ་ཨ་ལི་ཇི་ན་ལ་བསྔགས་བརྗོད་གནང་ཡོད་རུང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་སྦི་ཇེ་པི་ཡིས་ཇི་ན་ནི་རྒྱ་གར་གྱི་རྒྱལ་ཁབ་དེ་བཞིན་རྒྱལ་ཁབ་གཉིས་སུ་གཏོང་མཁན་རེད་ཅེས་དུས་རྟག་ཏུ་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་རེད། སྦི་ཇེ་པི་ཡིས་ཚོགས་པའི་ཚོགས་མིའི་གྲས་ནས་ཕྱིར་འབུད་བཏང་བ་སྐུ་ཞབས་ཇ་སི་ལྦན་སིང་ནི་སྦི་ཇེ་པིའི་ཚོགས་པ་གསར་འཛུགས་གནང་མཁན་དང་ཕྱི་ལོ་༡༩༩༨ལོ་དང་༢༠༠༤སོ་སོར་ཚོགས་པས་རྒྱ་གར་གྱི་གཞུང་འཛིན་གནང་བའི་སྐབས་སོ་སོར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གནང་བས་མ་ཟད་ནོར་སྲིད་བློན་ཆེན་གྱི་ཐུགས་འགན་ཡང་བཞེས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎