འབྲུག་ཡུལ་དུ་ཡུལ་སྐོར་བསྐྱོད་མཁན་ལ་འགྲོ་སོང་ཆེན་པོ་ཡོད་པ།
2011.09.05
༄༅༎རྒྱལ་ལྡན་འབྲུག་ཡུལ་ནང་ཡུལ་བསྐོར་སྤྲོ་འཆམ་བསྐྱོད་སའི་ས་ག་ནས་མཛེས་སྡུག་ལྡན་པ་ཞིག་ཡིན་རུང། ཕྱི་མི་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ཚོ་འགྲོ་སོང་ཧ་ཅང་གི་ཆེན་པོ་ཡིན་པ་དང་ལྷག་དོན་དུ་སྤྱི་ལོ་༢༠༡༢་ལོ་ནས་འགྲོ་སོང་དེ་བས་ཆེ་རུ་འགྲོ་སྲིད་པས་འཛམ་གླིང་ནང་ཡུལ་བསྐོར་སྤྲོ་འཆམ་པ་བསྐྱོད་ས་གོང་ཆེ་ཤོས་ཀྱི་ཡུལ་ཞིག་ཆགས་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་འབྲུག་ཡུལ་གྱི་ནང་བསྐྱོད་སྐབས་ཡུལ་བསྐོར་སྤྲོ་འཆམ་པའི་ལས་ཁང་བརྒྱུད་དེ་ཐོངས་མཆན་ལག་འཁྱེར་སོགས་ཞུ་དགོས་པ་ཉིན་རེར་མི་རེར་ཨ་རིའི་ཌོ་ལར་༢༠༠་རེ་སྤྲོད་དགོས་བགྱི་ཡོད་པ་དེའི་ཁ་ལག་དང་གནས་ཁང། འགྲིམས་འགྲུལ་སོགས་ཐེ་ཡོད་པ་རེད།འོན་ཀྱང་སང་ལོ་སྤྱི་ལོ་༢༠༡༢་ལོ་ནས་བཟུང་འབྲུག་ཡུལ་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ཚོའི་ཉིན་རེའི་འགྲོ་སོང་ཨ་རིའི་ཌོ་ལར་༢༥༠་བར་སྤོར་བྱ་བྱེད་རྒྱུ་དང་མགྲོན་ཁང་སོིགས་ཆ་ཚང་ཚུད་པའི་གོ་སྒྲིག་བྱས་ཚེ་ཨ་རིའི་ཌོ་ལར་༥༠༠་ཙམ་གནས་སྲིད་པས་དེར་བརྟེན་འཛམ་གླིང་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ཡུལ་གོང་ཆེ་ཤོས་ཏེ་རྒྱལ་ལྡན་འབྲུག་ཡུལ་ཡིན་པའི་སྐོར་གནས་ཚུལ་ཐོན་བཞག།