གཞི་རིམ་སློབ་ཕྲུག་ཁག་གིས་བོད་དོན་ཆེད་མ་དངུལ་བསྡུ་བཀོད།

ཨ་རིའི་སྦརྣ་སི་ཀྲེ་སྦལ་གྲོང་ཁྱེར་གྱི་གཞི་རིམ་སློབ་གྲའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་མ་དངུལ་བསྡུ་བཀོད་ཀྱི་ལས་འགུལ་སྤེལ།

2009.04.30

༄༅༎ཨ་རིའི་མཱེ་ས་ཆུ་སེཏ་སི་མངའ་སྡེའི་སྦརྣ་སི་ཀྲེ་སྦལ་ཞེས་པའི་གྲོང་ཁྱེར་ནང་སྦརྣ་སི་ཀྲེ་སྦལ་གཞི་རིམ་སློབ་གྲའི་ནང་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་བོད་དོན་དྲིལ་བསྒྲགས་དང་འབྲེལ་བོད་ནང་སློབ་གྲྭ་གསར་འཛུགས་ཆེད་མ་དངུལ་བསྡུ་བཀོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་སྦརྣ་སི་ཀྲེ་སྦལ་པེ་ཏྲི་ཡོཏ་ཞེས་པའི་གྲོང་ཁྱེར་དེའི་གསར་ཤོག་ཐོག་གནས་ཚུལ་བཀོད་དོན་གཞིགས་ན་སྦརྣ་སི་ཀྲེ་སྦལ་གཞི་རིམ་སློབ་གྲྭའི་ནང་སྔ་ལོ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཡན་ལག་སྒྲིག་འཛུགས་གསར་འཛུགས་བྱས་པ་ནས་བཟུང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་བོད་དོན་དྲིལ་བསྒྲགས་ལ་དམིགས་ཏེ་སྟོད་ཐུང་ཐོག་ལ་བོད་རང་བཙན་དང་ཡང་སྟོན་པའི་ཞབས་རྗེས་ཞེས་འཁོད་པའི་གྱོན་ཆོས་སྟོད་ཐུང་ཞིག་ཨ་སྒོ་བཅུ་རེར་ཚོང་འགྲེམས་ཀྱི་ལས་འཆར་འགོ་བཙུགས་བྱས་ཏེ་ད་ཆ་སློབ་ཕྲུག་ཚོའི་ནང་བོད་རང་བཙན་གྱི་སྟོད་ཐུང་གྱོན་སྲོལ་དར་ཁྱབ་ཆེན་པོ་ཆགས་ཡོད་པ་རེད།

དམིགས་ཀར་སློབ་ཕྲུག་གི་བོད་རང་བཙན་ལས་འགུལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་སྟོད་ཐུང་ཚོང་འགྲེམས་བྱས་པའི་མ་དངུལ་དེ་དག་སྤྲུལ་སྐུ་སྐར་མ་རིན་པོ་ཆེ་ཞུ་བས་བོད་ནང་སློབ་གྲྭ་འཛུགས་བསྐྲུན་གྱི་ལས་གཞིར་ཞལ་འདེབས་གནང་རྒྱུ་ཡིན་པ་མ་ཟད་སློབ་གྲྭ་གསར་འཛུགས་ཀྱི་ལས་གཞི་དེར་ད་དུང་མ་དངུལ་དུ་བཀོད་ཆེད་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་གཅིག་ཉིན་སྦརྣ་སི་ཀྲེ་སྦལ་གཞི་རིམ་སློབ་གྲྭ་དེའི་ནང་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད། གོང་གསལ་གཞི་རིམ་སློབ་གྲྭ་དེའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་གསར་འཛུགས་གནང་མཁན་ནི་སློབ་གྲྭ་དེའི་ནང་ཕེ་རེན་ཆི་སྐད་ཡིག་སློབ་འཁྲིད་གནང་མཁན་མཱར་ག་རེཏ་ཁེ་ཊོ་ལིན་ཞུ་བ་ཞིག་ཡིན་འདུག་པ་དང་ཚོགས་པའི་ཡན་ལག་བཙུགས་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གི་གྲངས་འབོར་བསྟུད་མར་ཇེ་མང་འགྲོ་བཞིན་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎