ཨ་རིའི་སྦཀ་ལི་གྲོང་སྡེ་ལས་ཁུངས་ཀྱིས་བོད་དོན་ཐོག་གྲོས་ཆོད།

ཨ་རིའི་གྲོང་སྡེ་ལས་ཁུངས་ཤིག་གིས་བོད་མི་རང་ལུས་མེར་སྲེག་བཏང་བའི་ཐོག་གྲོས་ཆོད་བཞག་པའི་གནས་ཚུལ་ཐོན་འདུག

2012.02.08

༄༅༎བཙན་བྱོལ་བོད་གཞུང་གིས་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་ ཕྱི་ཟླ་ ༡ ཚེས་ ༣༡ ཉིན་ ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ཁུལ་གྱི་སྦཀ་ལི་ས་གནས་གྲོང་ཁྱེར་ལས་ཁུངས་ཀྱི་ཚོགས་ཆེན་སྐབས་ སྤྱི་མོས་ཐོག་ བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཐོག་ གྲོས་ཆོད་ཅིག་བཞག་ཡོད་པ་རེད་  གྲོས་ཆོས་དེར་རྒྱབ་སྐྱོར་གནང་མཁན་ཁ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་དང་སྦཀ་ལི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་ཕྱག་འཁྱེར་ཐོག་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ཡིན་འདུག་ གྲོང་ཁྱེར་སྲིད་གཞུང་གིས་གྲོས་ཆོད་དེའི་ནང་ བོད་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེས་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པ་མངོན་ཐུབ་པ་ཞིག་དང་ ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་རྒྱ་ནག་གཞུང་ལ་བོད་མི་ཚོར་སྤྱི་ཚོགས་ཀྱི་ཐོབ་ཐང་འདྲ་མཉམ་ཞིག་སྤྲོད་དགོས་པའི་སྐུལ་འདེགས་དང་ གནོན་ཤུགས་སྤྲོད་དགོས་ཞེས་གསལ་འདོན་བྱས་ཡོད་པ་རེད་ གྲོས་ཆོད་ཀྱི་འདྲ་བཤུས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་དང་གཞུང་འབྲེལ་ལས་ཁུངས་ཁག་ལ་འབུལ་རྒྱུ་ཡིན་པ་མ་ཟད་ གྲོང་ཁྱེར་སེན་ཕེ་རན་སིསི་ཀོར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལའང་གཏོང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་བཀོད་འདུག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎