རྒྱལ་ཚོགས་དྲུང་ཆེ་ནས་འབར་མའི་གཞུང་ལ་འབོད་སྐུལ།

རྒྱལ་ཚོགས་ཀྱི་དྲུང་ཆེ་ནས་འབར་མའི་གཞུང་ལ་རྒྱལ་སྤྱིའི་རོགས་རམ་ཚོགས་པ་ཡུལ་དེར་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་གནང་བ།

2008.05.23

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ སྦན་ཀི་མུན་ གྱིས་འབར་མའི་དྲག་པོའི་གཞུང་གིས་དྲག་ཆར་རླུང་འཚུབ་དང་ཆུ་ལོག་གི་གནོད་འཚེའི་གོད་ཆགས་ཕོག་པར་ཚོར་རྒྱལ་སྤྱིའི་རོགས་རམ་ཚོགས་པ་འབར་མའི་ནང་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་འབར་མའི་དྲག་པོའི་དབུ་ཁྲིད་རྣམ་གཉིས་ཆུ་ཚོད་གཉིས་རིང་ཛ་དྲག་གི་བཀའ་མོལ་གནང་བའི་རྗེས་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་དྲག་པོའི་གཞུང་ལ་འབོད་སྐུལ་གནང་བ་ཞིག་ཡིན་ཞིང། ཡིན་ནའང་ཁོང་གིས་འབར་མའི་དབུ་ཁྲིད་ཀྱི་ངོས་ནས་རྒྱལ་སྤྱིའི་ཛ་དྲག་གི་རོགས་རམ་ཚོགས་པ་ཁག་གི་ཆེད་ལས་སྐུ་ཚབ་རང་འབྱུང་གི་གོད་ཆགས་ཚབས་ཆེ་ཕོག་ཡུལ་གྱི་ས་ཁུལ་ནང་འགྲོ་བསྐྱོད་བྱེད་དུ་བཅུག་རྒྱུའི་ཁས་ལེན་བྱས་ཡོད་མེད་སྐོར་ཁ་གསལ་འགྲེལ་བརྗོད་གནང་མེད་པ་རེད།

འབར་མའི་དྲག་པོའི་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་༢ དང་ ༣ ཉིན་རང་འབྱུང་གནོད་འཚེ་བྱུང་ཡུལ་ནང་ཉེན་སྐྱོབ་ཐུབ་པའི་མི་དམངས་ཚོར་རོགས་རམ་བྱེད་མཁན་གྱི་རྒྱལ་སྤྱིའི་རོགས་རམ་ཚོགས་པ་དང་ཆེད་ལས་མི་སྣ་གཅིག་ཀྱང་འགྲོ་བསྐྱོད་བྱེད་དུ་བཅུག་གི་མེད་པ་དང་དེ་རིང་བར་འབར་མའི་དྲག་ཆར་རླུང་འཚུབ་དང་ཆུ་ལོག་གི་གནོད་འཚེའི་ནང་ཉུང་མཐར་མི་དམངས་བདུན་ཁྲི་བརྒྱད་སྟོང་རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་ལྔ་ཁྲི་དྲུག་སྟོང་ཙམ་ད་དུང་རྙེད་སོན་བྱུང་མེད་ཅིང། ཉེན་སྐྱོབ་ཐུབ་པའི་མི་དམངས་ས་ཡ་གཉིས་དང་ཕྱེད་ཀ་ཡོད་པ་རྣམས་རང་འབྱུང་གི་གནོད་འཚེའི་འོག་འཐུང་ཆུ་དང་ཁོར་ཡུག་གཙང་མ་མེད་པ་སོགས་ཀྱིས་ནད་ཡམས་དང་བཀྲེས་ལྟོགས་ ལྷག་པར་དུ་དབྱར་དུས་ཀྱི་ཆར་ཞོད་ཀྱི་ཉེན་ཁའི་ཐོག་གནས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎