ཨོསི་ཊརེ་ལི་ཡར་བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ཞུ་གཏུག་དང་འགོ་ཁྲིད་ནུས་བ་བསྐྱེད་སྲིང་གི་སྦྱོང་བརྡར་སྤྲོད་བཞིན་འདུག

2025.02.12
ཨོསི་ཊརེ་ལི་ཡར་བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ཞུ་གཏུག་དང་འགོ་ཁྲིད་ནུས་བ་བསྐྱེད་སྲིང་གི་སྦྱོང་བརྡར་སྤྲོད་བཞིན་འདུག ཨོསི་ཊརེ་ལི་ཡར་བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ཞུ་གཏུག་དང་འགོ་ཁྲིད་ནུས་བ་བསྐྱེད་སྲིང་གི་སྦྱོང་བརྡར་སྤྲོད་བཞིན་པའི་སྐབས། ༢༠༢༥།༢།༡༢
OoT, Canberra

ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཉིན་གྲངས་གཉིས་རིང་། ཨོསི་ཊརེ་ལི་ཡའི་(Australia)་རི་སྔོན་པོ་(Blue Mountain)་མངའ་ཁུལ་དུ་ཆགས་པའི་(Karuna Retreat Center)་བསྟི་གནས་ཁང་དུ། གཞོན་སྐྱེས་ཚོ་ལ་ཆེད་དུ་དམིགས་ནས་ཨོསི་ཊརེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་རིགས་གཞོན་སྐྱེས་༣༠ཙམ་མཉམ་འཛོམས་ཀྱི་ཐོག་ནས་བོད་དོན་ཞུ་གཏུག་གནང་ཕྱོགས་དང་གཞོན་སྐྱེས་ཚོས་བོད་དོན་ཆེད་འགན་འཁུར་ལེན་ཐུབ་ཆེད་འགོ་ཁྲིད་ནུས་པ་བསྐྱེད་སྲིང་གི་ཟབ་སྦྱོང་གི་ལས་རིམ་ཞིག་འགོ་འཛུགས་གནང་ཡོད་པ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དབུ་འབྱེད་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཆེད་ཕེབས་ཀྱིས་གཞོན་སྐྱེས་ཚོས་བོད་པའི་རྩ་དོན་ཐོག་སྙིང་སྟོབས་སྐྱེད་དེ་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེ་ཡིན་པ་སོགས་གསུངས་འདུག
སྐུ་མགྲོན་གཙོ་བོ་ས་གནས་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་(Suzie Van Opdorp)་ལགས་ཕེབས་ནས། བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་དང་ས་གནས་ཡུལ་མི་ས་སྐྱེས་རྡོ་སྐྱེས་ཚོའི་གནད་དོན་གཉིས་ཀའི་ཐོག་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ལ་ས་གནས་ཀྱི་ལས་ཁུངས་ངོས་ནས་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎