རྒྱ་ནག་གཞུང་དང་འབྲེལ་ཐག་ཉེ་པོ་ཡོད་པ་གསལ་ཐོན་རྗེས་དགོངས་པ་ཞུས་འདུག


2017.12.12
ཨའོསི་ཊེ་རི་ལི་ཡའི་གྲོས་ཚོགས་འཐུས་མི་(Sam Dastyari) ཨའོསི་ཊེ་རི་ལི་ཡའི་གྲོས་ཚོགས་འཐུས་མི་(Sam Dastyari)
7News/FB

རྒྱ་ནག་གཞུང་དང་འབྲེལ་ཐག་ཉེ་པོ་ཡོད་པའི་གནས་ཚུལ་གསལ་ཐོན་བྱུང་བའི་རྐྱེན་གྱིས་ཨའོསི་ཊེ་རི་ལི་ཡའི་ཕྱོགས་འགལ་ངལ་སྩོལ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Sam Dastyari)་ཡིས་ལས་གནས་ནས་དགོངས་པ་ཞུས་འདུག
དེ་ཡང་འདས་པའི་དུས་ཡུན་གང་མཚམས་ནས་བཟུང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཨོས་ཀྲོརོ་ལི་ཡའི་ནང་གི་རྒྱ་མི་རིགས་ཁག་ཅིག་གིས་ཨའོསི་ཊེ་རི་ལི་ཡའི་ཆབ་སྲིད་ལས་དོན་ནང་དངུལ་གྱི་ཞལ་འདེབས་ཤུགས་ཆེན་པོ་རྒྱབ་པའི་ཐོག་ནས། ཡུལ་དེའི་ཆབ་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐོར་ཨའོསི་ཊེ་རི་ལི་ཡའི་གསར་འགྱུར་རྒྱུད་ལམ་ཁག་གི་ཐོག་གླེང་སློང་ཧ་ཅང་ཤུགས་ཆེན་པོ་བྱུང་བའི་རྐྱེན་གྱིས་བདུན་ཕྲག་སྔོན་མར་ཡུལ་དེའི་སྲིད་བློན་(Malcolm Turnbull)་གྱིས་ཆབ་སྲིད་ཀྱི་ལས་དོན་ཐོག་ཕྱིའི་རོགས་དངུལ་བླངས་མི་ཆོག་པ་བཟོ་རྒྱུའི་ཁྲིམས་ཡིག་གཏན་འབེབ་བྱེད་རྒྱུའི་གསལ་བསྒྲགས་གནང་ཞིང་། དེ་ལྟར་གནང་དགོས་པའི་རྒྱུ་མཚན་དུ་ཨོས་ཀྲོརོ་ལི་ཡའི་ཆབ་སྲིད་ཐོག་རྒྱ་ནག་ཕྱོགས་ནས་ཐེ་བྱུས་ཡོང་གི་ཡོད་པ་དམིགས་སུ་བཀར་ནས་སྐྱོན་འཛུགས་གནང་ཡོད་པ་ལྟར། སྲིད་བློན་གྱིས་གསལ་བསྒྲགས་དེའི་རྗེས་སུ་ཨོས་ཀྲོརོ་ལི་ཡའི་གསར་འགྱུར་རྒྱུད་ལམ་ཁག་གི་ནང་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་(Sam Dastyari)་ཡིས་རྒྱ་ནག་གཞུང་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱ་མི་རིགས་(Huang Xiangmo)་ཟེར་བ་ཞིག་གི་ལག་ནས་དངུལ་གྱི་ཞལ་འདེབས་བླངས་ཏེ་རྒྱ་ནག་གཞུང་གི་འདོད་དོན་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་དང༌། དེ་ལྟར་བྱེད་ཀྱི་ཡོད་པའི་དཔེ་མཚོན་དུ་ཁོང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་གི་རྩོད་རྙོག་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་བསྐྱོར་བྱས་པའི་བརྙན་ཐུང་ཞིག་ཀྱང་ཕྱིར་གྱར་བྱུང་ཡོད་པ་རེད།  དེ་བཞིན་ཁོང་ཨའོསི་ཊེ་རི་ལི་ཡའི་ངལ་སྩོལ་ཚོགས་པའི་ཚོགས་གཞོན་ཡིན་པའི་སྐབས་ཏེ། ཕྱི་ལོ་༢༠༡༥་ལོར་ཁོང་གིས་ཧོང་ཀོང་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱེད་མཁན་ཞིག་ཐུགས་འཕྲད་བྱེད་རྒྱུའི་འཆར་གཞི་མེད་པ་བཟོས་པ། ཡང་ཁོང་ལ་དངུལ་གྱི་ཞལ་འདེབས་སྤྲོད་མཁན་རྒྱ་མི་རིགས་(Huang Xiangmo)་ཟེར་བར་ཨོས་ཀྲོརོ་ལི་ཡ་གཞུང་གིས་ཁོ་པའི་ཁ་པར་ཐོག་སོ་ལྟ་བྱེད་སྲིད་པར་སོང་ཟབ་ནན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱུང་བར་སོང་གྲོས་ཚོགས་གོང་མའི་འཐུས་མི་(Sam Dastyari)་འདི་ཚེས་༡༢་ཉིན་ལས་གནས་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎