འབར་མའི་མང་གཙོའི་དབུ་ཁྲིད་ལ་གཟེངས་རྟགས་དངོས་སུ་ཕུལ་བ།
2012.06.16
༄༅༎འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་ལ་ལོ་༢༡་གི་གོང་ལ་ཕུལ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་དངོས་སུ་ཕྱག་ལ་ཕུལ་བའི་མཛད་སྒོའི་ཚོགས་ཤིག་ཚོགས་འདུག
མི་ལོ་༢༡་གོང་དུ་ལྕམ་ཨང་སང་སུ་ཅི་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཀྱང༌། འབར་མ་དྲག་པོའི་གཞུང་ནས་ཁོང་བཟང་བཙོན་དུ་བཅུགས་ནས་གཟེངས་རྟགས་དངོས་སུ་བཞེས་ཐུབ་མེད་ལ། གཟེངས་རྟགས་ཀྱི་གཏམ་བཤད་ཀྱང་ད་བར་གནང་ཐུབ་མེད་པ་རེད།
གཟའ་སྤེན་པའི་ཉིན་ནོར་ལྦེ་ཡི་རྒྱལ་ས་ཨོས་ལོར་རུ་ ནོ་འབེལ་ཚོགས་ཆུང་གིས་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག ཁྱེད་ནི་འཛམ་གླིང་འདིའི་ཐོག་བཟང་སྤྱོད་ཀྱི་མིག་དཔེ་འདྲེན་ས་ཞིག་ཆགས་པ་རེད་བཅས་གསུངས་པ་དང༌། ལྕམ་སུ་ཅི་ཡིས། ནོ་བེལ་གཟེངས་རྟགས་ཀྱིས་འབར་མའི་གནས་སྟངས་ལ་རྒྱལ་སྤྱིའི་དོ་སྣང་ཡོང་རྒྱུའི་སྒོ་ཕྱེས་ཡོད་པ་དང༌། བཟང་བཙོན་དུ་ཡང་བསམ་བློ་གཏོང་རྒྱུའི་གོ་སྐབས་ཡག་པོ་བྱུང་ལུགས་སོགས་གསུངས་འདུག
སྐབས་དེར་བོད་པའི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཆུང་བདག་ཀོ་རེན་ལགས་དང་ནོར་ལྦེ་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ལྕམ་སུ་ཅི་ལ་འཚམས་འདྲི་མཇལ་དར་ཕུལ་ཡོད་འདུག