རྒྱ་གར་བྱང་ཤར་གྱེན་ལོག་པ་དང་གཞུང་དབར་ཞི་མོལ་གྱི་འདུན་པ།

ཨ་སམ་མཉམ་འབྲེལ་བཅིངས་དཀྲོལ་མདུན་བསྐྱོད་ཚོགས་པ་ཞེས་པས་རྒྱ་གར་གཞུང་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་ལུགས།

2011.02.05

༄༅༎རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་ཨ་སམ་མཉམ་འབྲེལ་བཅིངས་དཀྲོལ་མདུན་བསྐྱོད་ཚོགས་པ་ཞེས་པས་རྒྱ་གར་གཞུང་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་ལུགས་བརྗོད་ཡོད་འདུག གོང་ཞུས་ཚོགས་པ་དེ་ནི་རྒྱ་གར་ནང་གྱེན་ལོག་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་རེད།  ཕྱི་ལོ་༡༩༧༩ལོ་ནས་བཟུང་ཨ་སམ་རང་བཙན་ཆེད་རྒྱ་གར་གཞུང་དང་འཐབ་རྩོད་བྱས་ཡོད་ཅིང་ དེའི་རིང་ཉུང་ཐར་ཡང་མི་གྲངས་ཁྲི་གཅིག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་དེ་དག་མང་ཆེ་བ་ཉེས་མེད་མི་སེར་ཤ་ཏག་ཡིན་ཞིང་གྱེན་ལོག་ཚོགས་པ་དེའི་དྲུང་ཆེ་ས་ཤ་ཅའོ་རྡེ་རི་ཡིས་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གུ་ལྦ་ཧ་ཏི་ས་གནས་ནས་གསར་འགོད་པ་ཚོར་ཚོགས་པ་དེས་སྔོན་དྲོའི་ཆ་རྐྱེན་གང་ཡང་མེད་པའི་འོག་  རྒྱ་གར་གཞུང་དང་ཨ་སམ་གྱི་གནས་སྟངས་ཐོག་ཞི་བའི་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱས་ལུགས་བརྗོད་འདུག ཨ་སམ་མངའ་སྡེའི་མིང་འདོན་གནང་འདོད་མེད་པའི་དཔོན་རིགས་ཤིག་གིས་ གོང་ཞུས་གྱེན་ལོག་ཚོགས་པ་དེའི་འགོ་འཁྲིད་ཀྱིས་སྣེ་ཁྲིད་པའི་གྲོས་མོལ་ཚོགས་པ་ཞིག་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་གཞུང་འབྲེལ་དཔོན་རིགས་དང་གྲོས་མོལ་བྱ་རྒྱུའི་ཆེད་འབྱོར་ཡོད་ལུགས་དང་ རྒྱ་གར་གཞུང་གིས་གྲོས་མོལ་ཚོགས་པའི་འགོ་འཁྲིད་དེ་བཞིན་ རྒྱ་གར་ནང་སྲིད་བློན་ཆེན་དང་དྲུང་ཆེ་གང་རུང་གིས་གནང་རྒྱུ་ཡིན་པ་གསུངས་འདུག ད་ལྟའི་ཆར་རྒྱ་གར་གཞུང་གིས་དེའི་སྐོར་ལ་ར་ཁྲོད་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎