ཐའེ་ལེན་ཌི་ནང་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན།

ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་མ་འོངས་པར་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་མཐུན་ཚོགས་ཤིག་ཏུ་བསྒྱུར་ཐབས་གནང་རྒྱུའི་ཐག་གཅོད་གནང་རྒྱུ།

2009.10.25

༄༅༎ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་མ་འོངས་པར་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་མཐུན་ཚོགས་ཤིག་ཏུ་བསྒྱུར་ཐབས་གནང་རྒྱུའི་ཐག་གཅོད་གནང་རྒྱུ་ཡིན་འདུག

འདས་པའི་ཉིན་མ་གསུམ་རིང་ཐའེ་ལེན་ཌི་ནང་ལྷོ་ཤར་ཨེ་ཤེ་ཡའི་ཚོགས་ཆེན་ཚོགས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ས་མཚམས་སོགས་ཀྱི་རྩོད་རྙོག་དང་འབྲེལ་བའི་ངོ་རྒོལ་སྣ་ཚོགས་ལ་བརྟེན་ནས་ཚོགས་འདུ་ཐེངས་གཉིས་དུས་ཚོད་ལ་ཚོགས་མ་ཐུབ་པ་སོགས་ཀྱི་དཀའ་ངལ་སྤྲད་ཡོད་ཀྱང་རེས་གཟའ་ཉི་མའི་ཉིན་ཚོགས་འདུ་ཉིན་མཐའ་མའི་ཉིན་ཚོགས་ཞུགས་རྒྱལ་ཁབ་ཚོས་འཛམ་གླིང་ནང་ཆེ་མཐོང་སླེབས་པའི་ཆེད་སླད་ཕྱིན་ཆད་ནས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོ་ཡང་ཡོ་རོབ་མཉམ་སྦྲེལ་ལྟ་བུའི་སྒྲིག་འཛུགས་ཤིག་བཟོ་ཐབས་གནང་རྒྱུར་མོས་མཐུན་བྱུང་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ནང་རྒྱ་ནག་དང་ཉི་ཧོང་ ལྷོ་ཀོ་རི་ཡ་ རྒྱ་གར་ ཨོ་སི་ཀྲོ་ལི་ཡ་དང་ ནིའུ་ཛི་ལེན་ཌི་བཅས་ཀྱང་མཉམ་ཞུགས་བྱས་ཡོད་འདུག ཚོགས་ཞུགས་རྒྱལ་ཁབ་ཚོའི་དབུ་ཁྲིད་རྣམས་ཀྱིས་ཉིན་མཐའ་མའི་ཉིན་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དང་ཕྱོགས་མཚུངས་གནམ་གཤིས་དང་འབྱུང་བའི་གོད་ཆགས་རིགས་ལ་མཉམ་རུབ་ཀྱི་གདོང་ལེན་གནང་ཕྱོགས་སྐོར་གྲོས་ཆོད་བཞག་རྒྱུ་ཡིན་འདུག ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ཤར་ཨེ་ཤེ་ཡའི་སྤྱི་ཚོགས་ཞེས་པའི་སྒྲིག་འཛུགས་ཤིག་གསར་འཛུགས་གནང་རྒྱུའི་དགོངས་འཆར་སྟོན་པ་དེའི་སྐོར་ལའང་བཀའ་བསྡུར་གནང་གཏན་འཁེལ་ཡོད་འདུག ཚོགས་ཞུགས་རྒྱལ་ཁབ་བཅུ་ཡོད་པའི་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་བཅོ་ལྔ་ནང་ཚུད་མཐུན་ཚོགས་རང་ཉིད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་འཛུགས་ཤིག་གསར་འཛུགས་ཀྱི་འདུན་པ་བསྐྱར་དུ་སྟོན་ཡོད་འདུག

ཐོབ་ཐང་དོན་གཉེར་བ་ཚོས་ཚོགས་ཆེན་གྱིས་འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨང་སང་སུ་ཅི་གློད་འགྲོལ་དགོས་ལུགས་སོགས་ཀྱི་གྲོས་མོལ་གནང་མེད་པར་སྐྱོན་བརྗོད་བྱས་འདུག ཚོགས་ཆེན་གྱིས་འབར་མའི་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོར་རྒྱལ་ཡོངས་འོས་བསྡུ་དྲང་བདེན་དང་ཚགས་ཚུད་དགོས་སྐོར་བཀའ་མོལ་གནང་ཡོད་འདུག འབར་མའི་སྲིད་བློན་ཐའེན་སིའེན་གྱིས་ཚོགས་ཆེན་ཐོག་རྒྱལ་ཡོངས་འོས་བསྡུ་དང་སྟབས་བསྟུན་གྱིས་ཨང་སན་སུ་ཅིར་དམ་བསྒྲགས་ཆུང་དུ་གཏང་རྒྱུའི་ཁས་ལེན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎