ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་ཀྱི་བློན་ཆེན་ལྷན་ཚོགས།

ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་ལ་ད་ལྟ་རྒྱལ་སྤྱིར་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་དེ་དག་གི་ཤུགས་རྐྱེན་ཡོང་གི་མེད་སྐོར།

2011.08.12

༄༅༎ཨིན་གྲོ་ནེ་ཤེཡའི་ཚོང་འབྲེལ་བློན་ཆེན་མ་རི་པང་གིས་ཏུའོས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་ལ་ད་ལྟ་ཨ་རི་དང་ཡོ་རོབ་མངའ་ཁུལ་ཡུལ་ཁག་ལ་འཕྲད་བཞིན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་དཀའ་བའི་དཀའ་ངལ་དེ་དག་གི་ཤུགས་རྐྱེན་ཡོང་གི་མེད་སྐོར་ གསུངས་ཡོད་པ་རེད་

ཁོང་གི་བཀའ་མོལ་འདི་དེ་རིང་ཨེན་གྲོ་ནེ་ཤེ་ཡའི་མཚོ་གླིང་གི་གྲོང་ཁྱེར་མ་ན་གྲུའི་ནང་ཚུགས་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་གི་དཔལ་འབྱོར་དང་ཚོང་འབྲེལ་བློན་ཆེན་རྣམ་པའི་ཚོགས་ཆེན་ཐེངས་༤༣་པ་འདི་ཚོགས་ཞོར་དུ་བརྒྱུད་ལམ་ཁག་ལ་གསུངས་ཡོད་པ་རེད་   དེ་ཡང་ཁོང་གིས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་གི་དབར་ཕན་ཚུན་ཚོང་འབྲེལ་རྒྱ་བསྐྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་དེ་བཞིན་མཐུན་ཚོགས་ཡུལ་ཁག་དང་ རྒྱ་ནག་གི་དབར་ཚོང་འབྲེལ་ཆེན་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ཨ་རི་དང་ཡོ་རོབ་ཡུལ་ཁག་ལ་དཔལ་འབྱོར་འཕེལ་རྒྱས་འགྲོ་དཀའ་བའི་དཀའ་ངལ་འདིའི་ཤུགས་རྐྱེན་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་ལ་འཕྲད་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད་

ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་གི་ཚོང་འབྲེལ་དང་དཔལ་འབྱོར་བློན་ཆེན་ཁག་གི་ལྷན་ཚོགས་ཐོག་མཐུན་ཚོགས་ཡུལ་ཁག་དབར་ཐོུང་གི་དཔལ་འབྱོར་འགྲོ་ལུགས་ཤིག་གཏན་འབེབས་ཐུབ་ཐབས་ཀྱི་སྐོར་བཀའ་བསྡུར་གནང་གི་ཡོད་པ་དང་ མཐུན་ཚོགས་ཡུལ་ཁག་གི་དམིགས་ཚད་ལ་ ཕྱི་ལོ་༢༠༡༥འི་ནང་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཡུལ་ཁག་གི་དབར་ཡོ་རོབ་མཐུན་ཚོགས་དང་འདྲ་བའི་ཐོུང་གི་དཔལ་འབྱོར་ལམ་སྲོལ་ཞིག་གོ་སྒྲིག་ཐུབ་པའི་དམིགས་ཡུལ་འཛིན་གྱི་ཡོད་པ་གསུངས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎