པདྨ་མཁའ་འགྲོ་མཆོག་གིས་བོད་ཀྱི་འགྲེམས་སྟོན་དབུ་འབྱེད།

ཨ་རུ་ན་ཅལ་ཡུལ་སྐོར་སྤྲོད་འཆམ་གྱི་བློན་ཆེན་མཆོག་ནས་རྡོ་རྗེ་གདན་དུ་བོད་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པའི་གནས་ཚུལ།

2011.12.29

༄༅༎ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་པད་མ་མཁའ་འགྲོ་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་
ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༩ཉིན་གྱི་སྔ་དོའི་ཚོུད་དགུ་དང་ཕྱེད་ཀའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་པད་མ་མཁའ་འགྲོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་དབུ་འབྱེད་གནང་བ་དང་ཆབས་ཅིག  འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་འདུག  ཨ་རུ་ན་ཅལ་མངའ་སྡེའི་ཡུལ་བསྐོར་སྤྲོ་འཆམ་བློན་ཆེན་མཆོག་གིས་ཐེངས་འདིའི་འགྲེམས་སྟོན་ནང་ ༧གོང་ས་ཏྰ་ལའི་བླ་མ་མཆོག་གིས་སྐུ་པར་ཁག་དང་དེ་བཞིན་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་ངོ་ལྔ་བཅུ་ཕྱིན་པའི་དྲ་པར་སོགས་ངོ་མཚར་ལྡན་པའི་འགྲེམས་སྟོན་ཞིག་གནང་འདུག་པས་  བཙན་བྱོལ་བོད་མིའི་གནས་སྟངས་གང་ཙམ་ཞིག་དེའི་ཐོག་ནས་ཁོང་རང་གིས་ཤེས་རྟོགས་ཐུབ་པའི་མྱོང་ཚོར་བྱུང་ཞེས་གསུང་འདུག   ཕྱི་དྲིལ་ལས་ཁུངས་ངོས་ནས་འགྲེམས་སྟོན་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་བཞིན་དུས་འཁོར་དབང་ཆེན་སྐབས་སུ་རྒྱ་གར་དང་བལ་ཡུལ་  འབྲུག  ལྷག་པར་བོད་དང་རྒྱ་ནག་སྐམ་ས་ཆེན་པོ་ནས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བས་དཀའ་ངལ་ལ་མ་འཛེམས་པར་འདི་གར་ཆོས་ཞུར་བཅར་བཞིན་ཡོད་སྟབས་  སྤྱིར་བོད་པའི་གནས་སྟངས་དང་ཡང་སྒོས་ ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་གཙོ་བོར་གྱུར་བའི་སྐྱབས་བཅོལ་བོད་མིའི་གནས་སྟངས་རྣམས་མང་ཚོགས་ནས་ཤེས་རྟོགས་ཡོང་ཆེད་ཡིན་པའི་སྐོར་ཕྱི་དྲིལ་ལས་ཁུང་གི་དྲུང་འཕར་བཀྲིས་ལགས་ཀྱིས་ངོ་སྤྲོད་གནང་འདུག  ད་རེས་ཀྱི་འགྲེམས་སྟོན་འདིའི་ནང་ སྤྱི་ནོར་༧གོང་ས་སྐྱབསམགོན་ཆེན་པོ་མཆོག་སྐུ་འཁྲུངས་ནས་མཛད་པ་ཇི་བསྐྱངས་ཀྱི་སྐུ་པར་དང་  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཆེ་བསྟོད་ཕྱག་འཁྱེར་དུ་མ་ཞིག་འབུལ་ལམ་ཞུས་པའི་སྐུ་པར་དང་  ཕྱོགས་མཚུངས་ཕྱོ་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་ ༧གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་རྒྱ་གར་དུ་བཙན་བྱོལ་འབྱོར་རྗེས་ཐོག་མར་བོད་མིའི་ཆོས་སྒར་དང་ སློབ་གྲ་དེ་བཞིན་གཞིས་ཆགས་ཁག་གི་གནས་སྟངས་སྤྱི་དང་ དེ་ནས་རིམ་བཞིན་འཕེལ་རྒྱས་ཕྱིནཔའི་འདྲ་པར་ཁག་ཡོད་པ་མ་ཟད་  བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འདྲ་པར་བཅས་ཁྱོན་སྐུ་པར་སྟོང་ཚོ་བརྒལ་བ་འགྲེམས་སྟོན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎