རྒྱ་གཞུང་གིས་བོད་རྔ་བ་ཁུལ་དུ་དམ་བསྒྲགས་ལག་བསྟར་བྱ་རྒྱུ།

རྒྱ་ནག་ཕྱི་སྲིད་ལུས་ཁུངས་ནས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབས་ཆེད་རྔ་བ་ཁུལ་དུ་དམ་བསྒྲགས་ཀྱི་སྲིད་ཇུས་མཁྲེགས་བཟུང་ལག་བསྟར་བྱ་རྒྱུ།

2011.10.20

༄༅༎ཉེ་ལམ་བོད་མདོ་སྨད་རྔ་བ་ཁུལ་དུ་བོད་མི་ཚོས་བོད་རང་གི་དོན་དང་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་བསྟུད་མར་ཐོན་བཞིན་པའི་རྐྱེན་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལུས་ཁུངས་ནས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབས་ཆེད་རྔ་བ་ཁུལ་དུ་དམ་བསྒྲགས་ཀྱི་སྲིད་ཇུས་མཁྲེགས་བཟུང་ལག་བསྟར་བྱ་རྒྱུ་ཡིན་སྐོར་གསལ་དོན་བྱས་བཞག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅིའང་ཡུའུ་ཡིས་རྔ་བ་ཁུལ་གྱི་ས་གནས་མི་མང་གི་བདེ་འཇགས་དང་། རྒྱུ་དངོས་སྲུང་སྐྱོབས་དང་། དེ་བཞིན་མངའ་ཁུལ་ནང་རྒྱུན་ལྡན་ལྟར་སྤྱི་ཚོགས་ཀྱི་གནས་སྟངས་ལྷིང་འཇགས་སླད་ས་གནས་སྲིད་གཞུང་ཐོག་ནས་དོན་དམ་གྱི་སྲུང་བྱའི་ལས་དོན་ཤུགས་ཆེ་སྤེལ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ཆབས་ཅིག་གཞུང་ཕྱོགས་ནས་མི་མང་ལ་གུ་ཡངས་ཆོས་དད་རང་དབང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་སྐོར་གཏན་བཤད་སྤེལ་འདུག འདས་པའི་ཟླ་བ་དྲུག་གི་ནང་ཚུད་མདོ་སྨད་རྔ་བ་ཁུལ་དང་ཁམས་རྟའུ་གཉིས་སུ་བོད་མི་གཞོན་སྐྱེས་དགུས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིགས་གཞུང་རྩ་གཏོར་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་དང་། དེ་བཞིན་བོད་མིར་བཙན་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་བྱུང་ཡོད་ལ་བཙན་བྱོལ་ནང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་བོད་མི་ཚོས་དེ་ལྟ་བུའི་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་དམ་དྲག་དང་མཁྲེགས་བཟུང་གི་སྲིད་ཇུས་ལ་བརྟེན་ནས་ཡིན་པའི་སྐོར་གནས་སྟངས་གསལ་འདོན་གནང་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅིའང་ཡུའུ་ཡིས་བོད་ཀྱི་དཀའ་རྙོག་ཅེས་པའི་གནད་དོན་མེད་ཚུལ་སོགས་བོད་རྒྱའི་དཀའ་རྙོག་ལ་ངོས་ལེན་མེད་པའི་གཏམ་བཤད་སྤེལ་འདུག ཕྱོགས་མཚུངས་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁབ་ནང་མི་རིགས་ཁ་བྲལ་གྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཡོད་པ་མ་ཟད་ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་རུང་ བོད་ཀྱི་གནད་དོན་ཅེས་པའི་བཀའ་རྙོག་ལ་ཁ་གཡོག་སྟེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ཚེ་དེར་རྒྱ་ནག་གཞུང་ནས་ངོ་རྒོལ་དང་གདོང་ལན་ནན་པོ་སྤྲོད་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎