བལ་བོད་ས་མཚམས་སུ་ཉེན་རྟོག་དམག་དཔུང་འགྲེམས་འཇོག།

བལ་ཡུལ་གཞུང་གིས་བོད་དང་འབྲེལ་འཁེལ་བའི་བལ་ཡུལ་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་ཉེན་རྟོག་དམག་དཔུང་འགྲེམས་འཇོག་བྱེད་འཆར།

2009.10.06

༄༅༎བལ་ཡུལ་གཞུང་གིས་བོད་དང་འབྲེལ་འཁེལ་བའི་བལ་ཡུལ་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་གཞི་རྒྱ་ཆེ་བའི་དྲག་ཆས་ཉེན་རྟོག་དམག་དཔུང་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་པའི་རྗེས་འཛམ་གླིང་ནང་བལ་ཡུལ་གཞུང་གི་སྲིད་ཇུས་དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ཡིན་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་ཡང་བལ་པོའི་ནང་སྲིད་བློན་ཆེན་གྱིས་བལ་པོའི་གསར་འགྱུར་ལས་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས་གསུང་པའི་བཀའ་མོལ་ཞིག་ཐོག་མར་རེས་གཟའ་ཉི་མའི་ཉིན་གསར་ཤོག་ཐོག་འགྲེམས་སྤེལ་བྱས་པའི་ནང་བལ་ཡུལ་གཞུང་གིས་རྒྱ་གར་དང་ས་འབྲེལ་འཁེལ་བའི་བལ་ཡུལ་གྱི་ལྷོ་ཕྱོགས་ས་མཚམས་ས་ཁུལ་དུ་དམག་དཔུང་འགྲེམས་འཇོག་བྱས་ཟིན་པ་དང་དེར་བརྟེན་ད་ཆ་བོད་དང་ས་མཚམས་འཁེལ་ཡུལ་གྱི་བལ་ཡུལ་གྱི་བྱང་ཕྱོགས་མཐའ་མཚམས་ཀྱི་ས་ཕྱོགས་མི་འདྲ་བའི་ནང་དུ་དྲག་ཆས་དམག་དཔུང་འགྲེམས་འཇོག་བྱེད་རྒྱུའི་འཆར་གཞི་ཡོད། རྒྱལ་ཁབ་ཚང་མའི་ནང་སོ་སོའི་མཐའ་མཚམས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཞིན་ང་ཚོ་བལ་ཡུལ་ཡང་སོ་སོའི་མཐའ་མཚམས་ས་ཆའི་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་འགོག་ཐབས་ཀྱི་སྲུང་སྐྱོབ་འགན་ལེན་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། བལ་ཡུལ་རྒྱལ་ཁབ་དེ་ནི་བོད་མི་བཙན་བྱོལ་བོ་ཁྲི་གཉིས་ལྷག་གནས་སྡོད་བྱེད་ཡུལ་ཞིག་ཡིན་པ་མ་ཟད་ད་དུང་ལོ་ལྟར་བཞིན་བོད་མི་ཉིས་སྟོང་ལྔ་བརྒྱ་ལྷག་རྒྱ་མིའི་བཙན་གནོན་འོག་འཚོ་གནས་དང་བྲལ་ཏེ་ས་མཚམས་ཀྱི་ཉེན་ཁ་དང་ལ་རླུང་ཁ་བའི་དཀའ་ངལ་མང་པོ་ཞིག་འགྲིམས་ཏེ་བལ་ཡུལ་དུ་བཙན་བྱོལ་དུ་འབྱོར་གྱི་ཡོད་ཅིང་ན་ནིང་བོད་ས་ཁྱོན་ཡོངས་ནང་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟོད་སྒོམ་མ་ཐུབ་པར་བོད་མི་ཚོས་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པར་བརྟེན་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་བོད་མི་རྣམས་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་ཆོག་པའི་དམ་བསྒྲགས་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་ཁར་ད་ཆ་བལ་བོད་ས་མཚམས་ཐོག་སྲུང་སྐྱོབ་དམག་དཔུང་འགྲེམས་འཇོག་བྱ་རྒྱུའི་སྲིད་ཇུས་གསར་པ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ནི་གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་ནི་བལ་ཡུལ་བར་ཚོང་འབྲེལ་གྱི་འབྲེལ་ལམ་ཆེན་པོ་ཡོད་མ་ཟད་དབུལ་ཞིང་ཕོངས་པའི་བལ་ཡུལ་རྒྱལ་ཁབ་དེར་དཔལ་བྱོར་དང་འཛུགས་སྐྲུན་གྱི་རོགས་རམ་བྱེད་མཁན་གཙོ་བོ་ཞིག་ཡིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎