ཉི་ཧོང་མི་མང་གིས་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་བཏོན་པ།

ཉི་ཧོང་གི་རྒྱལ་ས་ཀྲོག་ཡོར་མི་མང་འདུ་འཛོམས་ཀྱིས་རྒྱ་ནག་གིས་ཤར་་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་ངོ་རྒོལ།

2010.10.02

༄༅༎ཉི་ཧོང་ནང་གི་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་ཚོགས་སྡེ་ཁག་གི་སྣེ་ཁྲིད་འོག་ད་རེས་ཕྱི་ཚེས་༢གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ལ་མི་གྲངས་གཅིག་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གིས་ཤར་་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་འབྲེལ་ ཉི་ཧོང་རྒྱལ་ཡོངས་མི་མང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱ་ནག་ལ་ཁ་གཏད་བྱེད་དགོས་པའི་འབོད་ཚིག་སྒྲོག་ནས་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་རེད།

ངོ་རྒོལ་ནང་མཉམ་བཞུགས་གནང་མཁན་གྱི་གྲས་སུ་ཉི་ཧོང་གི་མཁའ་ཏོག་སྲུང་སྐྱོབ་དམག་དཔུང་གི་དཔོན་རིགས་ཟུར་པ་དང་དེ་བཞིན་ཀྲོག་ཡོ་གྲོང་ཁྱེར་གྱི་ས་གནས་ཀྱི་དཔོན་རིགས་ཟུར་པ་ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་དཔོན་རིགས་ཁག་ཅིག་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ཡང་ཡོད་པ་དང་ ངོ་རྒོལ་ནང་བཞུགས་མཁན་ཚོང་ཉི་ཧོང་གི་གཞུང་འཛིན་ཚོགས་པས་རྒྱ་ནག་གཞུང་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དེ་ཧ་ཅང་གི་གུ་ཡངས་ཤིག་ཡིན་པར་སྐྱོན་བརྗོད་གནང་ཡོད་པ་དང་ ཉི་ཧོང་མི་མང་ཚོས་རང་ཉིད་ཀྱི་བདག་དབང་སྲུང་སྐྱོབ་མ་བྱུང་པ་ཡིན་ན་ ཉིན་ཞིག་རྒྱ་ནག་གིས་ཉི་ཧོང་གི་བདག་དབང་ཡོད་པའི་མཚོ་གླིང་ལ་བཙན་འཛུལ་བྱ་རྒྱུ་ཡིན་པའི་སྐོར་སོགས་གཏམ་བཤད་སྤེལ་ཡོད་པ་རེད་ ངོ་རྒོལ་གྱི་ལས་འགུལ་དེ་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་གཅིག་པུ་མིན་པར་ ཉི་ཧོང་གི་གྲོང་ཁྱེར་ཁག་མང་པོ་ཞིག་ནང་དུ་དུས་གཅིག་ཏུ་སྤེལ་ཡོད་པ་དང་ ད་རེས་གཟའ་སྤེན་པའི་ཉིན་གྱི་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་དེའི་དམིགས་བསལ་ཁྱད་ཆོས་ཤིག་ནི་ དེའི་སྔོན་ཉི་ཧོང་ནང་གཡས་ཕྱོགས་ཀྱི་ལྟ་བ་འཛིན་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་སོགས་སྤེལ་བའི་སྐབས་མཉམ་བཞུགས་བྱེད་མཁན་མང་ཆེ་བ་ལོ་ན་རྒན་པ་དང་ཡང་ན་དར་མ་ཡིན་ཞིང་ ད་རེས་ཀྱི་ལས་འགུལ་དེའི་ནང་བཞུགས་མཁན་གྱི་གསུམ་ཆ་གཅིག་ལྷག་ཙམ་གཞོན་སྐྱེས་ཡིན་པ་དང་ དེ་བཞིན་བེུད་དང་ཤེས་ཡོན་ཅན་ཡང་མང་པོ་ཞིག་མཉམ་བཞུགས་གནང་ཡོད་པའི་ཐོག་ནས་ཉི་ཧོང་ནང་རྒྱ་ནག་ལ་མི་དགའ་མཁན་གྱི་མི་འབོར་མང་དུ་འགྲོ་གི་ཡོད་པ་མ་ཟད་ གཞོན་སྐྱེས་དང་ཤེས་ཡོན་ཅན་ནང་ལ་ཡང་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་བཏོན་མཁན་གྱི་མིའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དེ་མཚོན་ཐུབ་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ཀྱི་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཉིན་ཤས་གོང་རྒྱ་ནག་གི་མི་སེར་ཚོ་ཉི་ཧོང་ནང་ཡུལ་བསྐོར་སྤྲོ་འཆམ་དུ་འགྲོ་མཁན་ཚོར་ཡིད་ཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎