ཁ་ཆེ་བ་ཚོས་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ།

ཨེལ་ཁེ་ཌ་དྲག་སྤྱོད་ཚོགས་པས་དྲག་རྩུབ་ཅན་གྱི་རྒྱ་ནག་ལ་ཡུ་གུར་མི་རིགས་ཚོས་ཆོད་དམག་རྒྱབ་དགོས་ཞེས་འབོད་སྐུལ་ཞུས་འདུག

2009.10.07

༄༅༎ཨེལ་ཁེ་ཌའི་གནད་ཡོད་དམག་འཐབ་པ་ཨ་སྦུ་ཨ་ཡ་ཨེལ་ལི་སྦི་ཡིས་དྲག་རྩུབ་ཅན་གྱི་རྒྱ་ནག་ལ་ཡུ་གུར་མི་རིགས་ཚོས་ཆོད་དམག་རྒྱབ་དགོས་པ་དང་དེའི་ཐོག་འཛམ་གླིང་གི་ཁ་ཆེ་བ་ཚོས་རྒྱབ་སྐྱོར་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད།

དེ་ཡང་ལི་སྦི་ཡིས་ཁ་ཆེའི་དྲ་རྒྱའི་བརྒྱུད་ལམ་ནང་དེ་རིང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བའི་ནང་འཛམ་གླིང་ནང་གི་ཁ་ཆེ་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་དྲག་རྩུབ་ཅན་གྱི་རྒྱནག་དམར་ཤོག་རིང་ལུགས་ཀྱི་ནུས་སྟོབས་དེ་གཏོར་བཤིག་གཏོང་དགོས་ཀྱི་རེད་ཅེས་གསུང་ཡོད་པ་དང་ཆོས་ལ་ཡིད་ཆེས་མི་བྱེད་མཁན་རྒྱ་ནག་དེ་བཞིན་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ནང་བཞིན་མར་ལྷུང་སྟེ་ཁ་བྲལ་འགྲོ་ཡི་རེད་ཅེས་དང་རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ཀྱི་ཐོག་དྲག་གནོན་བྱེད་པ་སོགས་དྲག་རྩུབ་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དེ་འགོག་ཐབས་ཆེད་ང་ཚོས་དཀོན་མཆོག་གི་ལམ་བཟང་པོའི་ཐབས་ལམ་དང་ཆོས་ཀྱི་མཚོན་ཆ་འཁྱེར་ནས་རྒྱ་ནག་དང་མཉམ་དུ་གདོང་མཐུག་བྱེད་དགོས་ཀྱི་རེད། དེ་ནི་ཁ་ཆེ་བ་ཚོའི་དེ་རིང་གི་ལས་འགན་ཆེ་ཤོས་ཤིག་ཡིན་པ་དང་དེའི་ཐད་ལ་རྒྱལ་སྤྱིའི་ནང་ཡོད་པའི་ཁ་ཆེ་བ་ཚོས་ཤར་ཏུར་ཀི་སི་ཏན་ནང་ཡོད་པའི་ང་ཚོའི་སྤུན་མཆེད་ཚོའི་ཐུགས་འདོད་ལྟར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་དགོས་ཀྱི་རེད་ཅེས་ལི་སྦི་ཡིས་དེ་རིང་ཁ་ཆེའི་དྲ་རྒྱའི་ཐོག་གནས་ཚུལ་གསལ་སྟོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎