༸གོང་ས་མཆོག་དང་ཨོ་སི་ཀྲོ་ལི་ཡའི་ཕྱོཌ་འགལ་དབུ་ཁྲིད་མཇལ།

ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ནས་༸གོང་ས་མཆོག་དང་མཇལ་འཕྲད་དང་གསར་འགོད་ལྷན་ཚོགས་ཀྱི་མཛད་སྒོའི་སྐོར།

2009.12.03

༄༅༎ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཊོ་ནི་ཨེ་སྦོ་ཏིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་དང་གསར་འགོད་ལྷན་ཚོགས་ཀྱི་མཛད་སྒོ་དེར་དུས་ཐོག་ཕེབས་མ་ཐུབ་པར་དགོང་སེལ་ཞུས་པ་དང་༸གོང་ས་མཆོག་མཇལ་ཐུབ་པ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་འདུག ༸གོང་ས་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་རྒྱལ་ཁབ་དེ་དག་གི་དབུ་ཁྲིད་དང་མཇལ་འཕྲད་གནང་རྒྱུར་མཛད་དཀའ་ཡོད་མུས་ཀྱང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་༸གོང་ས་མཆོག་མཇལ་འཕྲད་གནང་གི་མེད་ཀྱང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཊོ་ནི་ཨེ་སྦོ་ཊི་ཡིས་༸གོང་ས་མཆོག་མཇལ་འཕྲད་དགོས་ལུགས་སྲིད་བློན་ལ་ནང་མོལ་ཞུས་ནས་མཇལ་འཕྲད་གནང་བ་རེད། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱིས་གཞུང་ལ་ཆབ་སྲིད་ཀྱི་མཛད་དཀའ་ཡོད་ཀྱང་ཕྱོགས་འགལ་ཚོགས་པས་སྲིད་བློན་གྱིས་གནམ་མི་ཐུབ་པ་ཁག་ཅིག་གནང་ཐུབ་ཀྱི་ཡོད་ལུགས་འགྲེལ་བརྗོད་དང་སྦྲགས་དེ་སྔ་སྲིད་བློན་ཇོན་ཧའོ་ལྦ་ཌི་གྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུའི་གོ་སྐབས་སྟོན་གནང་བ་རེད། འོན་ཀྱང་སྲིད་བློན་ཀེ་ལྦིན་ར་ཌི་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་གནང་ཐུབ་ཀྱི་མེད་པ་དེ་ངས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་ཅེས་གསུངས་གནང་འདུག འོན་ཀྱང་ཕྱི་ལོ་ཉིས་སྟོང་བདུན་ལོར་ཀེ་ལྦིན་ར་ཌི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཡིན་པའི་སྐབས་༸གོང་ས་མཆོག་མཇལ་འཕྲད་གནང་ཡོད་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཁག་ཅིག་ཡུལ་དེར་གཏན་སྡོད་ཆེད་ལེན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག དེའི་ལེན་ལྟ་བུར་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱིས་སྐྱབས་བཅོལ་བ་དེ་དག་གྲུ་གཟིངས་སྐྱོན་ཅན་ནང་གཏོང་ཐལ་མེད་པའི་ཟུར་ཟའི་དགོངས་ཚུལ་ཞུས་གནང་བ་དང་སྦྲགས་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་མ་འོངས་བོད་མི་སྐྱབས་བཅོལ་བ་མུ་མཐུད་བཞེས་རྒྱུའི་འདུན་པ་ཡོད་ལུགས་གསུངས་གནང་འདུག གསར་འགོད་པས་༸གོང་ས་མཆོག་ལ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་ནང་གནད་དོན་དེའི་སྐོར་བསམ་ཚུལ་འདྲ་མིན་ཡོད་པར་དགོངས་བཞེས་ཀྱིས་དམངས་གཙོ་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོད་པ་དེར་བརྩི་འཇོག་བྱེད་དགོས་ཀྱི་རེད་འོན་ཀྱང་སའི་གོ་ལའི་ཚ་དྲོད་རྒྱས་པའི་དཀའ་ངལ་སེལ་ཕྱོགས་ཐད་སྤྱི་སྒེར་གཉིས་ཐོག་ནས་འགན་འཁུར་དགོས་ལུགས་བཀའ་བསྩལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎