ཨོ་སྦ་མ་མཆོག་ཡོ་རོབ་ནང་དཔལ་འབྱོར་ལྷན་ཚོགས་ཆེད་ཕེབས།

ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ཡུལ་གྲུ་ལྔའི་ནང་ཉིན་གྲངས་བརྒྱད་རིང་གཞུང་དོན་ཕྱོགས་སྐྱོད་གནང་ཕྱིར་ཕེབས་ཐོན་གནང་གི་ཡོད་པ།

2009.03.31

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ཡུལ་གྲུ་ལྔའི་ནང་ཉིན་གྲངས་བརྒྱད་རིང་གཞུང་དོན་ཕྱོགས་སྐྱོད་གནང་ཕྱིར་དེ་རིང་ཨ་རི་ནས་ཕེབས་ཐོན་གནང་གི་ཡོད་པ་རེད།

སྲིད་འཛིན་ཨོ་སྦ་མ་མཆོག་གིས་གཙོ་བོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་འཛམ་གླིང་གི་འབྱོར་ལྡན་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་དེ་ནས་ཕེ་རན་སི་དང་ཇར་མ་ནི།ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ཁ་ཆེའི་ཡུལ་ཊར་ཀི་བཅས་ནང་ཕེབས་རྒྱུ་ཡིན་པ་རེད། རེས་གཟའ་ཕུར་བུའི་ཉིན་ལོན་ཌོན་དུ་འཚོགས་གནང་རྒྱུའི་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་དེའི་སར་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་དེ་ཚོ་སེལ་ཐབས་སྐོར་དབུ་ཁྲིད་རྣམ་པ་ཚོའི་དབར་བཀའ་གྲོས་གནང་རྒྱུ་ཡིན་པ་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་བ་དང་ཕྱོགས་མཚུངས་དབྱིན་ཡུལ་དང་ཨུ་རུ་སུ།རྒྱ་ནག།རྒྱ་གར་དང་ལྷོ་ཀོ་རི་ཡའི་དབུ་ཁྲིད་རྣམ་པ་ཚོ་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎