ཉེན་རྟོག་པས་ཟས་བཅད་ལས་འགུལ་བ་དོ་དམ་དང་བཀའ་རྒྱ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་བ་རྣམས་གློ་བུར་རྒྱ་གར་ཉེན་རྟོག་པས་བཀག་ཉར་དོ་དམ་བྱས་བ་དང་མཉམ། དགོང་མོར་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་འདུག།

2012.09.04

འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་གསུམ་རྒྱལ་ས་ལྡི་ལིའི་ཇན་དར་ མན་དར་ཞེས་པའི་ས་གནས་སུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ཡོད་ཀྱང་། ཉིན་དེའི་ཕྱི་དྲོ་ས་གནས་ཉེན་རྟོག་པས་ཁོང་གསུམ་དང་། དང་བླང་ཞབས་ཞུ་བ་བཅས་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ས་གནས་གཞན་ཞིག་ཏུ་དོ་དམ་འོག་བཞག་རྗེས་གློད་དཀྲོལ་བཏང་ཡོད་ཀྱང་། མཚན་མོར་ལས་འགུལ་སྤེལ་ཡུལ་ནས་སྡོད་མི་ཆོག་པའི་བཀའ་བཏང་ཡོད་པ་རེད་འདུག གནས་ཚུལ་ལྟར་ན། དེ་ནི་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལྡི་ལིའི་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་ཡོད་པའི་དུས་ཚོད་ཀྱི་ཆ་ནས་ཉེན་སྲུང་ཆེད་དོ་དམ་བྱས་པ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎