ཨ་རིའི་དམངས་གཙོ་ཚོཊ་པའི་གྲོས་ཚོཊ་འཐུས་མི་རྒྱ་ནག་ལ་ཕེབས་པ།
2015.11.06

ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་ཞིག་རྒྱ་ནག་ལ་ཕེབས་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་ལས་གྲུབ་པའི་ཚོགས་པ་ཞིག འདི་ཚེས་༥རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ནང་ཕེབས་ཡོད་པ་དང་། ད་རེས་ཁོང་རྣམས་རྒྱ་ནག་ནང་ཕེབས་རིང་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་གནད་དོན་ཁག་དང་། དམིགས་བསལ་དྲ་རྒྱའི་བདེ་འཇགས། གོ་ལའི་གནམ་གཤིས་འགྱུར་ལྡོག འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གཙོ་བོ་གྲོས་མོལ་གནང་རྒྱུ་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosiཡིས་དེའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ང་ཚོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དེ་རྒྱ་ནག་ནང་འགྲུལ་བཞུད་བྱེད་པའི་རིང་། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་ཡུལ་གྲུ་གཉིས་དབར་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འཛམ་གླིང་གི་བདེ་འཇགས་ཉེན་ཚབ་ཀྱི་གནད་དོན་སོགས་ཀྱི་ཐོག་ཕན་ཚུན་བཀའ་བསྡུར་གནང་རྒྱུ་ཡིན་པ་འཁོད་ཡོད་འདུག
ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་གི་ས་གནས་ཁག་གི་འབྲེལ་ཡོད་དཔོན་རིགས་དང་། སློབ་ཕྲུག དེ་བཞིན་མི་སྒེར་པ་ཁག་ཅིག་དང་ཐུགས་ཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosiམཆོག་ནི་འདས་པའི་ལོ་ངོ་གསུམ་ཅུ་ཙམ་རིང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དྲང་བདེན་གྱི་བཀའ་མོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། བོད་དོན་ཐོག་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ལྕམ་Pelosiམཆོག་ཉིས་སྟོང་དགུ་ལོར་རྒྱ་ནག་ནང་ཕེབས་པ་བཟུང་ ད་རེས་རྒྱ་ནག་ནང་ཕེབས་པ་ཐོག་མ་དེ་ཡིན་པ་རེད།
གསར་འགོད་པ་འཆི་མེད།