པེ་ཅིན་སྤྱི་ཁྱབ་ཀྱི་དགོངས་ཞུ་ངོས་ལེན་བྱས་འདུག

པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གོ་གནས་ནས་དགོངས་པ་ཞུས་པར་མི་མང་འཐུས་མི་ཚོགས་ཆེན་གྱིས་ངོས་ལེན་བྱས་ཡོད་འདུག

2012.07.25

ཀའོ་ཅིང་ལུང་གིས་པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་གནས་ནས་དགོངས་པ་ཞུས་པ་དང་།  དུས་མཚུངས་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཇིའི་ལིང་ཡང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པའི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།   པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀོའི་ཅིང་ལུང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་གནས་ནས་དགོངས་པ་ཞུ་དགོས་དོན་རྒྱུ་མཚན་གསལ་པོ་འགྲེལ་བརྗོད་བྱས་མེད་ན་ཡང་།  ཁོང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཞུགས་རྒྱུར་འགོག་རྐྱེན་གང་ཡང་མེད་པ་རེད།  ད་རེས་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀོའོ་ཅིང་ལུང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་གནས་ནས་དགོངས་པ་ཞུས་དགོས་དོན་ནི།  གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་ཉིན་པེ་ཅིན་གྲོང་ཁྱེར་དང་དེའི་ཉེ་འདབས་ས་ཁུལ་ནང་ཆར་དྲག་འབབ་ནས་མི་གྲངས་སུམ་ཅུ་སོ་བདུན་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་མང་པོས་གཞུང་གིས་སྔོན་བརྡ་མ་བཏང་བ་དང་།  ལྷག་པར་དུ་སྲོག་སྐྱོབ་ལས་དོན་འཐུས་སྒོ་ཚང་པོ་མེད་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་མི་ཁག་ཅིག་ཡོད་པ་དང་།  ཡིན་ནའི་མི་ཁག་ཅིག་གིས།   པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀའོ་ཅིང་ལུང་ཕྱི་ཟླ་བདུན་པའི་ཚེས་༢ཉིན་པེ་ཅིན་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱས་ཡོད་པར་བརྟེན་ནས་ད་རེས་ཀོའོ་ཅིང་ལུང་པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་ནས་དགོངས་པ་ཞུས་པ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད།  དེ་བཞིན་ལས་གནས་ནས་དགོངས་པ་ཞུས་པའི་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཇིའི་ལིང་ཡང་པེ་ཅིན་གྲོང་ཁྱེར་གྱི་ཆབ་སྲིད་དང་ཁྲིམས་མཐུན་ལྷན་ཚོགས་ཀྱི་འགོ་ཁྲིད་དུ་བསྐོ་བཞག་བྱས་ཡོད་པའི་སྐོར་དེའི་གོང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།  གནས་ཚུལ་ནང་འཁོད་པར་གཞིགས་ན།  པེ་ཅིན་མི་མང་འཐུས་མི་ཚོགས་ཆེན་གྱིས་པེ་ཅིན་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཝང་ཨན་ཧྲུན་པེ་ཅིན་གྲོང་ཁྱེར་གྱི་འཕྲལ་སེལ་སྤྱི་ཁྱབ་དུ་བསྐོ་བཞག་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎