གཙོ་བོ་ནང་གི་ལས་ཀ་བྱེད་སྟངས་ལ་ཡར་རྒྱས་འགྱུར་བ་གཏོང་དགོས།


2014.06.02
དབུས་བོད་ཀྱི་སྨན་རྩིས་ཁང་གི་མཐར་ཕྱིན་སློབ་ཁག་གཅིག་དང་མཉམ་པར། ༢༠༡༤།༦།༢ དབུས་བོད་ཀྱི་སྨན་རྩིས་ཁང་གི་མཐར་ཕྱིན་སློབ་ཁག་གཅིག་དང་མཉམ་པར། ༢༠༡༤།༦།༢
པར། བོད་མིའི་སྒྲིག་འཛུགས
བཙན་བྱོལ་དུ་དབུས་བོད་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༥༣འཁོར་བའི་རིག་གཞུང་སྲུང་བརྩིའི་དུས་དྲན་མཛད་སྒོ་ཚོགས་འདུག དེ་ཡང་སྤྱི་ཟླ་༦པའི་ཚེས་༢་ཉིན་བཞུགས་སྒར་རྡ་རམ་སར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ ཁང་དུ་དབུས་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ནས་ལོ་༥༣འཁོར་བའི་རིག་གཞུང་སྲུང་བརྩིའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྐུའི་བླ་སྨན་ཞབས་ཞུ་བ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་འཛོམས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོས་གསུངས་དོན། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་། ད་ཐེངས་སྨན་རྩིས་མཐོ་སློབ་མཐར་ཕྱིན་གྱོན་ཆས་གསར་བ་བཟོས་ཡོད་པ་ལྟར་ཕྱིའི་རྣམ་པ་ལས་གཙོ་བོ་ནང་གི་ལས་ཀ་བྱེད་སྟངས་ལ་ཡར་རྒྱས་འགྱུར་བ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག མཛད་སྒོའི་ཐོག་སྐུ་མགྲོན་རིམ་པས་གཏམ་བཤད་དང་། སྨན་རྩིས་ལས་བྱེད་ཞབས་ལོ་༣༠དང་༢༠འཁོར་བ་རྣམས་ལ་སྤྱི་འཐུས་ཚོགས་གཙོས་བྱ་དགའ་གནང་བ། སྨན་རྩིས་ཁང་གི་མཐོ་སློབ་མཐར་ཕྱིན་པའི་སྐབས་གྱོན་རྒྱུའི་གྱོན་ཆས་གསར་པ་སྤྱན་འབུལ་ཞུས་པ་གནང་བ། སློབ་སྤྱིས་སྨན་རྩིས་སྐབས་སོ་སོའི་གྲུབ་འབྲས་སྙན་སེང་ཞུས་བ་སོགས་ཀྱི་བྱེད་སྒོ་སྤེལ་འདུག དབུས་སྨན་རྩིས་སློབ་གཉེར་ཁང་དེ་ནས་ད་ལྟའི་བར་སྨན་པ་དཀའ་བཅུ་བ་གྲངས་༢༩༦ དང་། རྩིས་པ་དཀའ་བཅུ་བ་གྲངས་༥༣ བཅས་གསོ་སྐྱོིང་བྱས་ཡོད་པ་དང་། དེའི་ཁོངས་སུ་ཧི་མ་ལ་ཡའི་མི་གྲངས་གྲངས་༢༡ དང་། རུ་སོག་ཉི་ཧོང་ལ་སོགས་པའི་མི་གྲངས་༡༥ ཡོད། དེ་བཞིན་དུས་སྐབས་སོི་སོར་སྨན་རམས་པ་ལག་ཁྱེར་ཐོབ་མཁན་གྲངས་༡༢༦ དང་། རྩིས་རམས་པའི་ལག་ཁྱེར་ཐོབ་མཁན་གྲངས་༡༣། སློབ་གཉེར་གནང་བཞིན་པའི་སྐབས་༡༧ པར་སློབ་མ་གྲངས་༢༤ ཡོད་པ་དང་། མདོར་ན་མཐོ་སློབ་ནས་ཐོན་པའི་སྤྱི་སྒེར་སྨན་པ་རྣམས་ཀྱིས་ད་ལྟ་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་འདུས་སྡོད་བྱེད་སའི་གཞིས་ཆགས་ཁག་གང་སར་ཡན་ལག་སྨན་ཁང་༥༣ ལྷག་གི་ནང་སྤྱི་ཚོགས་བདེ་དོན་དང་། འཕྲོད་བསྟེན་ཞབས་འདེགས་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་ཡོད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎