རྒྱ་ནག་ལྷོ་ནུབ་ཁུལ་དུ་ས་ཡོམ་བརྒྱབ་པ།

རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་འགོ་ས་གནས་སུ་ས་ཡོམ་བརྒྱབ་ཡོད་པ་རེད།

2011.04.10

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་འགོ་ས་གནས་སུ་ས་ཡོམ་འགུལ་ཚད་༥དང་གྲངས་ཆུང་༣བརྒྱབ་ཡོད་པ་དང༌། འོན་ཀྱང་ད་ལྟའི་ཆར་མི་ཤི་རྨས་ཀྱི་གནོད་འཚེ་བྱུང་ཡོད་མེད་གནས་ཚུལ་ཤེས་རྟོགས་མེད་པ་རེད།

དེ་རིང་རྒྱ་ནག་གི་ས་ཡོམ་ལས་ཁང་གིས། ས་ཡོམ་དེ་ནི་དེ་རིང་གི་པེ་ཅིང་གི་ཕྱི་དྲོའི་ཚོུད་༥དང་སྐར་ཆ་གཉིས་ཐོག་རྒྱབ་ཡོད་པ་བཤད་ཡོད་པ་རེད། ས་གནས་དཔོན་རིགས་ནས།  ཁོང་ཚོས་ས་ཡོམ་འགུལ་ཚད་ཤུགས་ཆེ་པོ་ཞིག་རྒྱབ་པའི་ཚོར་སྣང་བྱུང་བ་དང༌། འོན་ཀྱང་ས་ཡོམ་རྒྱབ་ནས་དུས་ཚོད་ཐུང་ངུ་དེའི་ནང་མི་ཤི་རྨས་གནས་ཚུལ་གོ་ཐོས་བྱུང་མེད་པའི་སྐོར་བཤད་ཡོད་པ་རེད། གཞན་ཡང་བྲག་འགོ་ས་གནས་ཀྱི་དཔོན་རིགས་ཏེང་མིན་ཟེར་བས། ས་ཡོམ་གྱི་གཡོ་འགུལ་ནི་སྐར་ཆ་༤༠ནས་༥༠བར་བྱུང་སྟེ། ཁྱིམ་ཚང་གི་ཅོག་རྩེ་དང་རྐུབ་སྐྱག་ ཁང་པ་རྣམས་གཡོ་འགུལ་ཛ་དྲག་པོ་བྱུང་ཡོད་པ་དང༌། སྐར་མ་འགའ་ཤས་རིང་ལ་ཁ་པར་སོགས་འབྲེལ་མཐུད་ལ་ཤུགས་རྐྱེན་ཐེབས་ཡོད་ཀྱང་ད་ཆ་རྒྱུན་ལྡན་ལྟར་བསྐྱར་གསོ་བྱུང་ཡོད་ལུགས་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎