འབྲུག་ཡུལ་རྒྱལ་པོའི་འཁྲུངས་སའི་གྲ་སྒྲིག
2011.05.20
༄༅༎དགུང་གྲངས་༣༡ ལ་ཕེབས་པའི་འབྲུག་ཡུལ་རྒྱལ་པོ་འཇིགས་མེད་དགེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་འཁྲུངས་སའི་གྲ་སྒྲིག་གནང་གི་ཡོད་པའི་སྐོར་ལ་དེ་རིང་ཁོང་གིས་ སློང་ཆང་རྟེན་འབྲེལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
འབྲུག་རྒྱལ་འཇིགས་མེད་དགེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་སྐད་གྲགས་ཆེ་བའི་དབྱིན་ཇིའི་ཨོཀ་སི་ཕོདྲ་གཙུག་ལག་སློབ་གྲ་མཐར་སོན་གནང་བ་དང༌། ༢༠༠༨ ལོར་རྒྱལ་པོར་ཁྲི་སྟོན་གནང་བའི་རྗེས། ཁོང་གི་འབྲུག་གི་རྒྱལ་ཁབ་དེ་བཞིན་དམངས་གཙོའི་ལམ་སྲོལ་ཐོག་བཅོས་བསྒྱུར་གྱི་ཕྱག་ལས་གནང་ཡོད་ཅིང། འབྲུག་གི་དྲིལ་བསྒྲགས་བློན་ཆེན་འཕྲིན་ལས་རྡོ་རྗེ་ལགས་ཀྱིས་རྒྱལ་ས་ཐེམ་བུ་ནས་ཞལ་པར་ཐོག་ཕེ་རན་སི་གསར་འགོད་པར་འགྲེལ་བརྗོད་གནང་བར་གཞིགས་ན། དེ་རིང་སྔ་དྲོ་རྒྱལ་པོ་མཆོག་གིས་འབྲུག་ཡུལ་གྲོས་ཚོགས་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བའི་སྐབས། ཁོང་དང་མཐོ་སློབ་འགྲིམས་བཞིན་པའི་བོུ་རྗེ་བཙུན་པད་མ་ཞུ་བ་དང་གཉེན་འགྲིག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང༌། འཁྲུངས་སའི་རྟེན་འབྲེལ་ཡང་གནང་རྒྱུ་ཡིན་ནའང་རྒྱལ་པོ་མཆོག་ནས་འབྲུག་གཞུང་གིས་རྟེན་འབྲེལ་གྲ་སྒྲིག་རྒྱ་ཆེན་པོ་གནང་མི་དགོས་པའི་ཐུགས་རེ་གནང་ཡོད་པ་དང༌། དེའི་རྒྱུ་མཚན་ནི་གཅིག་ནས་འབྲུག་ཡུལ་ནང་ཐོན་ཁུངས་སྐྱོ་བ་དང༌། གཉིས་ནས་བརྡབ་སིག་ཆེ་བར་ངོས་འཛིན་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། བོུ་རྗེ་བཙུན་པད་མ་ཞུ་བ་ནི་འབྲུག་གི་རྒྱལ་ས་ཐེམ་བུ་དུ་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་སློབ་མ་ཞིག་ཡིན་པ་དང་ཁོང་དང་རྒྱལ་པོ་གཉིས་ངོ་ཤེས་ནས་དུས་ཚོད་གང་འཚམས་འགྲོ་གི་ཡོད་ཅིང༌། བོུ་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རིམ་པས་གསལ་བསྒྲགས་གནང་རྒྱུའི་འཆར་གཞི་ཡོད་པ་རེད།