བོད་ཀྱི་ནག་ཆུ་སོག་རྫོང་དུ་བོད་མི་ན་གཞོན་གསུམ་འཛིན་བཟུང༌།

བོད་ཀྱི་ནག་ཆུ་སོག་རྫོང་ཁུལ་གྱི་ན་གཞོན་གསུམ་ཨིན་ཊར་དྲ་རྒྱའི་གནད་དོན་ཐོག་ནས་འཛིན་བཟུང་བྱས་ཡོད་པ་རེད།

2009.10.21

༄༅༎བོད་ཀྱི་ནག་ཆུ་སོག་རྫོང་ཁུལ་གྱི་ན་གཞོན་གསུམ་ཨིན་ཊར་དྲ་རྒྱའི་གནད་དོན་ཐོག་ནས་འཛིན་བཟུང་བྱས་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཉེ་ཆར་ཕྱི་ཟླ་བཅུ་པའི་ཚེས་གཅིག་རྒྱ་ནག་རྒྱལ་དོན་དུས་ཆེན་ཉིན་མོར་བོད་ཀྱི་ནག་ཆུ་སོག་རྫོང་ར་རྟ་གྲོང་ཚོ་ནས་ཡིན་པའི་གཞོན་སྐྱེས་གསུམ་ལ་དྲ་རྒྱ་ཟིན་བྲིས་སོགས་ཀྱི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་དང་བཀའ་སློབ་བཞག་ཡོད་པ་དང་དེ་བཞིན་དྲ་རྒྱ་བརྒྱུད་དེ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ཚུལ་ལ་བརྙད་དེ་གཞོན་སྐྱེས་དེ་གསུམ་འཛིན་བཟུང་བྱས་ཡོད་པ་རེད། ད་ཆ་འཛིན་བཟུང་བྱས་པའི་གཞོན་སྐྱེས་གསུམ་པོ་དེ་དག་ནི་སོག་རྫོང་ར་རྟ་གྲོང་ཚོ་ནས་ཡིན་པའི་རང་ལོ་ཉི་ཤུ་རྩ་ལྔ་སོན་པ་རྒྱལ་སེང་དང་རང་ལོ་ཉི་ཤུ་རྩ་བཞི་སོན་པ་ཉི་མ་དབང་ཕྱུག རང་ལོ་ཉི་ཤུ་རྩ་ལྔ་སོན་པ་ཡེ་ཤེས་ནམ་མཁའ་བཅས་ཡིན་པ་རེད། ན་གཞོན་དེ་རྣམས་འཛིན་བཟུང་བྱས་པའི་རྗེས་ད་བར་ནང་མི་སྤུན་མཆེད་སུ་འདྲ་ཅིག་དང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད་བཞག རྩ་བའི་རྒྱ་ནག་གཞུང་གིས་དེང་སྐབས་སོག་རྫོང་ཁུལ་གྱི་དགོན་སྡེ་དང་མང་ཚོགས་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཞེས་པའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་མ་ཟད་སོག་བཙན་དག་དགོན་གྱི་རྒྱུན་སྲོལ་དབྱར་གནས་གྲོལ་རྗེས་སྤྲོ་སེང་གཏོང་སྲོལ་ཡོད་པ་དེ་དག་ཡང་བཀག་འགོག་བྱས་ཏེ་མུ་མཐུད་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་སྟེ་སེར་སྐྱ་མི་མང་ཚོར་བསུན་བཙིར་ཤུགས་ཆེ་བཟོ་བཞིན་ཡོད་པ་རེད། གང་ལྟར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བོད་ནང་གཞོན་སྐྱེས་ཚོར་ཨིན་ཊར་དྲ་རྒྱ་བལྟ་ཀློག་བྱེད་རྒྱུའི་ཐད་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་ལྷག་པར་དུ་རང་མོས་ཟིན་བྲིས་དང་དྲ་རྒྱའི་ཐོག་གླེང་མོལ་བྱ་ཡུལ་གང་སར་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་དང་ཆབས་ཅིག་གང་སར་སོ་བལྟ་བྱེད་མཁན་ཡང་བཙུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎