སྤྱི་ལོ་༢༠༡༥ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས།


2015.10.09
༢༠༡༥ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་(Tunisia)རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ཞེས་པར་འབུལ་གཏན་འཁེལ་བ། ༢༠༡༥ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་(Tunisia)རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ཞེས་པར་འབུལ་གཏན་འཁེལ་བ།
AFP

༢༠༡༥ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་(Tunisia)རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ཞེས་པར་འབུལ་གཏན་འཁེལ་བ།
དེ་ཡང་ནོར་ཝེ་རྒྱལ་ས་(Oslo)རྟེན་གཞི་བྱས་པའི་ནོ་བེལ་བྱ་དགའ་ཚོགས་ཆུང་གིས་ ༢༠༡༥ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་༢༠༡༡ལོར་(Tunisia)ཁ་ཆེའི་རྒྱལ་ཁབ་ནང་(Jasmine Revolution)འམ་དཔྱིད་ཀའི་གསར་བརྗེ་ཆེན་པོ་ཞེས་པའི་གྱེན་ལངས་སྐབས་དམངས་གཙོའི་ལས་འགུལ་སྣེ་འཁྲིད་བྱ་མཁན་(National Dialogue Quartet)ཞེས་(Tunisia)འི་ངལ་རྩོལ་མཉམ་སྦྲེལ་ཚོགས་པ་དང་། (Tunisia)བཟོ་ལས་ཚོགས་པ། (Tunisia)འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་(Tunisia)ཁྲིམས་རྩོད་པའི་མཐུན་ཚོགས་བཅས་ལས་གྲུབ་པའི་རྒྱལ་ཡོངས་གྲོས་མོལ་ལྷན་ཚོགས་ཞེས་པར་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག  
ནོ་བེལ་ཞི་བདེ་ཚོགས་ཆུང་གིས་གསུངས་དོན་ལྟར་ན། གོང་གསལ་ཚོགས་པ་དེ་དག་གིས་Tunisiaནང་གསར་བརྗེ་གྱེན་ལངས་བྱུང་པའི་གནས་སྟངས་སྐབས། རྙོག་གླེང་དེ་དག་ཞི་མོལ་འགྲིགས་འཇགས་ཀྱི་ལམ་ནས་སེལ་ཐབས་ཙམ་མ་ཟད། ཆབས་ཅིག་རྒྱལ་ཁབ་ཀྱི་ངོ་བོ་དེ་ རང་དབང་དམངས་གཙོའི་ཁ་ཕྱོགས་སུ་སྣེ་འཁྲིད་བྱས་པ་བརྒྱུད་དཀྱིལ་ཤར་ཡུལ་གྲུ་དང་། ནུབ་ཨ་ཧྥེ་རི་ཀ་བཅས་པའི་རྒྱལ་ཁབ་ཁག་ནང་། ཞི་བདེ་དང་། དམངས་གཙོའི་རང་དབང་འཐབ་རྩོད་བྱེད་མཁན་རྣམས་ལ་མིག་དཔེ་དང་། སེམས་འགུལ་གྱི་ཤུགས་རྐྱེན་གཏིང་ཟབ་བྱུང་བར་ངོས་འཛིན་བྱས་པ་མ་ཟད། ད་ལྟའི་Tunisiaརྒྱལ་ཁབ་ནང་གི་དམངས་གཙོའི་འཕེལ་རིམ་དེ་བཞིན་སྲ་བརྟན་དུ་གནས་རྒྱུའི་སེམས་ཤུགས་ཀྱི་སྐུལ་སློང་འཕེལ་ཐབས་ཆེད་ཡིན་པ་གསལ་འདོན་གནང་འདུག
༢༠༡༡ལོར་Tunisiaརྒྱལ་ཁབ་ནང་མང་ཚོགས་རང་བཞིན་ལྡན་པའི་གསར་བརྗེའི་གྱེན་ལངས་རྐྱེན་པས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་མེད་པ་བཟོ་ཐུབ་ཡོད་པ་མ་ཟད། གསར་བརྗེ་གྱེན་ལངས་དེའི་ཤུགས་རྐྱེན་འོག་Syriaདང་། Saudi Arabia Iranལ་སོགས་པའི་དཀྱིལ་ཤར་དང་། ནུབ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནང་། སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ལ་མང་ཚོགས་ནས་ངོ་རྒོལ་གྱེན་ལངས་ཀྱི་གནས་ཚུལ་གཅིག་མཇུག་གཉིས་མཐུད་བྱུང་དང་བྱུང་མུས་བཞིན་པ་རེད།  
གནས་ཚུལ་ནང་གསལ་ལྟར་ན། ཐེངས་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མིའི་མཚན་གཞུང་ཁོངས་སུ་ཇར་མན་སྲིད་བློན་Angela Merkelམཆོག་དང་། ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་Pope Francisཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryསོགས་གཙོས་པའི་འོས་མི་༢༧༣བྱུང་ཡོད་པ་རེད

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎