ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ནས་ཐེ་ཝན་གྱི་སྲིད་འཛིན་ལྷན་མཇལ་མོལ་གནང་བ།
2021.11.05
ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཐེ་ཝན་ནང་འཚམས་གཟིགས་ཐོག་མར་གནང་པར། རྒྱ་ནག་ཁོང་ཁྲོ་ལངས་ཤིང་། ཐེ་ཝན་གྱིས་དགའ་བསུ་ཞུས་པ་དང་འབྲེལ། ཐེ་ཝན་སྲིད་འཛིན་གྱིས་མང་གཙོའི་སྣ་འབྲེལ་ཐོག་ལ་ཤུགས་སྐྱོན་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཐེ་ཝན་དང་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་བ་གོང་སྤེལ་འགྲོ་བ་འདིས་བོད་ཀྱི་གནད་དོན་ལ་ཡོ་རོབ་མཐུན་ཚོགས་ནས་རིན་ཐང་ཆེ་རུ་འགྲོ་བ་ཕན་རླབས་ཡོད་པ་གནད་དོན་དབྱེ་ཞིབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།