རྒྱ་ནག་རྒྱལ་ཚོགས་ནང་ཞུགས་ནས་ལོ་༥༠དང་བོད་དོན་གྲོས་ཆོད།

2021.11.16
རྒྱ་ནག་རྒྱལ་ཚོགས་ནང་ཞུགས་ནས་ལོ་༥༠དང་བོད་དོན་གྲོས་ཆོད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཐོག་མ་གསར་འཛུགས་སྐབས་ཀྱི་ཚོགས་ཆེན་དང་། ཐེངས་འདིའི་གནད་དོན་གླེང་མོལ་ནང་གསུང་བཤད་གནང་མཁན་ཕུན་ཚོགས་དོན་ལྡན་ལགས་དང་།(གཡས།) གསང་གླིང་ཚེ་རིང་རྡོ་རྗེ་ལགས།(གཡོན)
སྒྲིག་བཟོ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ ༡༩༧༡ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ནང་དངོས་སུ་ཞུགས་ནས་འདི་ལོ་བགྲང་བྱ་ ༥༠ འཁོར་བའི་དྲན་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན་པ་དང་།  འདས་པའི་ལོ་ངོ་ ༦༢ རིང་བོད་དོན་འབྲེལ་བའི་གྲོས་ཆོད་ཁག་གསུམ་གཏན་འབེབས་བྱས་ཤིང་།  བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལྡན་གྱི་ཡོད་པའི་སྐོར་གྲོས་ཆོད་ཁག་གཉིས་ཀྱི་ནང་དུ་འཁོད་པ་སོགས་བྱུང་ཡོད་པ་རེད།  འོན་ཀྱང་རྒྱ་ནག་འདི་བཞིན་རྒྱལ་ཚོགས་སུ་ཞུགས་པ་དང་ལྷག་པར་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིར་ཡོད་པའི་དབང་གིས་གནད་ལུགས་དང་གྲོས་མཐུན་གང་ཞིག་ཡིན་རུང་འཕྲུ་ལོག་གཏོང་བའི་དབང་ཚད་ལྡན་པ་ཞིག་ཏུ་གྱུར་ཡོད་སྟབས།  བོད་ཀྱི་གནད་དོན་ཐོག་ལ་འགྲོ་བ་མིའི་གནད་དོན་གཅིག་ཏུ་རྩིས་པ་ཙམ་དུ་ལྷག་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ༡༩༦༦ ནས་ ༡༩༧༣ བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་བཞེས་མཁན་ཕུན་ཚོགས་དོན་ལྡན་ལགས་དང་།  ༡༩༧༦ ནས་ ༡༩༨༥ བར་སུད་སི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་བཞེས་མཁན་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎