གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༢༠ ལོ་ནི་ཁེ་ཎ་ཌ་དང་རྒྱ་ནག་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་ཚུགས་ནས་ལོ་ ༥༠ འཁོར་བའི་དུས་ཚིགས་ཤིག་ཡིན་པ་རེད། ད་ལྟ་ཕྱོགས་གཉིས་ཀྱི་དབར་ལ་འཕྲུལ་རིགས་དང་། བདེ་འཇགས། ཚོང་དོན་བཅས་གང་ཅིའི་ཐད་འབྲེལ་ལམ་སྡུག་ཏུ་སོང་ཞིང་། ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་ Francois-Philippe Champagne ལགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་བོད་མི་དང་། ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧྥ་ལུང་སྒོང་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་གནང་ཞིང་། པེ་ཅིན་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ ཌོ་མི་ནིཀ་ སྦ་ཊཎ་མཆོག་ཉེ་ལམ་བོད་ནང་ཕེབས་ནས་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བོད་དོན་ཚོགས་པ་ཁག་ལ་ཕྱི་སྲིད་ལས་ཁུངས་ཀྱིས་སྐོར་སྐྱོད་འབྲེལ་བའི་གནས་ཚུལ་སྙན་སྒྲོན་གནང་རྒྱུ་ཡིན་པ་རེད། གཤམ་ལ་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཁེ་ཎ་ཌ་དང་རྒྱ་ནག་གི་འབྲེལ་བ། བོད་དོན་གནས་བབ་བཅས་ཀྱི་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།
0:00 / 0:00