ཨོས་ཊེ་ལི་ཡར་བོད་ཀྱི་དུས་སྟོན་ཐེངས་ ༡༣ པ་དབུ་འཛུགས་གནང་བ།
2021.04.27

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨོས་ཊེ་ལི་ཡར་བོད་ཀྱི་དུས་སྟོན་ཐེངས་ ༡༣ པ་དབུ་འཛུགས་གནང་སྟེ་ཟླ་ ༤ ཚེས་ ༢༤ ནས་ཉིན་བཅུ་རིང་རྒྱུན་སྐྱོང་གནང་རྒྱུ་ཡིན་ཞིང་། འདི་ལོ་ནད་ཡམས་ཁྲོད་དབུ་འབྱེད་ཀྱི་ཉིན་མོར་མ་གཏོགས་འདུ་ཚོགས་དང་ལས་རིམ་ཡོངས་རྫོགས་དྲ་ཐོག་ནས་སྐྱོང་བཞིན་ཡོད་ལ། འདི་ལོའི་དུས་སྟོན་སྐབས་སྔར་དང་མི་འདྲ་བར་ཞི་བདེའི་ཆེད་ཐུགས་སྨོན་ཞེས་པའི་ལས་རིམ་ཞིག་གི་ཐོག་ནས་དབུ་འཛུགས་གནང་པ་དང་། དེ་བཞིན་ཉིན་བཅུའི་རིང་བགྲོ་གླེང་དང་། རོལ་དབྱངས། སྙན་ངག་གྱེར་འདོན། ཟབ་སྦྱོང་། གློག་བརྙན་གཟིགས་འབུལ་བཅས་གནང་གི་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་སྙན་གྲགས་ཆེ་བའི་གྷརེ་མི་བྱ་དགའི་འོས་མི་རོལ་དབྱངས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་དང་ལྷན་དུས་སྟོན་སྐོར་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག