གསར་འགྱུར་ཡིག་ཚགས།
2024-10-30
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འཁོར་བའི་སྐབས་དེར་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་བྱས་པའི་དུས་ཚོད་འདིའི་རིང་བོད་ནང་མཚོན་ན་བོད་ས་ཡོངས་རྫོགས་པར་ཆས་ཀྱིས་དྲ་བའི་སྟངས་འཛིན་ནན་པོའི་འོག་བཙོན་རྭར་ལྟ་བུར་འགྱུར་བ་དང་། གསར་སྤེལ་དང་དཔལ་འབྱོར་འཁྲུག་གཏོང་གི་མིང་ཐོག་ནས་གཏེར་ཁ་བསྔོག་འདོན་དང་ཆུ་མཛོད་གློག་ཁང་གསར་རྒྱག་བྱས་ཏེ་ཁུར་ཡུག་ལ་གཏོར་བཤིག་དང་ས་གནས་ཡུལ་མིར་དཀའ་ངལ་འཕྲད་པ། དེ་བཞིན་བོད་པའི་མི་རབས་གསར་པར་རྒྱ་མི་རིགས་ཀྱི་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་གསོ་ནས་རྒྱང་ཐག་རིང་དུ་བཏང་བ་སོགས་ཞི་ཅིན་ཕིང་གི་དུས་སྐབས་ལ་ཕྱིར་དྲན་བྱས་པ།
2024-10-29
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འཁོར་བའི་སྐབས་དེར་ཧུའུ་ཇིང་ཐའོ་ཡིས་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་བྱས་པའི་དུས་ཚོད་འདིའི་རིང་བོད་ནང་མཚོན་ན། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་པར་མཚོན་ཆ་བེད་སྤྱོད་བྱས་ཏེ་དྲག་གནོན་བྱས་ཤིང་། བོད་ས་ཡོངས་སུ་དམག་མིས་མཐའ་སྐོར་བའི་བཙོན་གྲོང་ལྟ་བུར་གྱུར་བ་དང་། བོད་པ་བོད་ཀྱི་ས་ཁུལ་ཁག་ནང་ལ་སྐྱོད་པར་ཆོག་མཆན་ཞུ་དགོས་པ་སོགས་བོད་མིའི་རང་དབང་ལ་བཀག་བསྡོམས་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཆགས་ཡོད་པ་བཅས་ཧུའུ་ཇིང་ཐའོ་ཡི་དུས་སྐབས་ལ་ཕྱིར་དྲན་བྱས་པ།
2024-10-28
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འཁོར་བའི་སྐབས་དེར་ཅང་ཙེ་མིན་གྱིས་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་བྱས་པའི་དུས་ཚོད་འདིའི་རིང་བོད་ནང་མཚོན་ན་བོད་ཀྱི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མིང་ཐོག་ནས་བོད་ནང་གཏེར་ཁ་སྔོག་འདོན་གཞི་རྒྱ་ཆེན་པོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་བོད་ནང་གི་ཁོར་ཡུག་ལ་གཏོར་བཤིག་བཏང་པ་མ་ཟད། ད་དུང་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་པའི་ཁྲོད་ནས་སྲིད་དོན་བཙོན་པ་མང་ཤོས་ཀྱི་དུས་ཚོད་ཅིག་ཆགས་ཡོད་པ་སོགས་ཅང་ཙེ་མིན་གྱི་དུས་སྐབས་ལ་ཕྱིར་དྲན་བྱས་པ།
2024-10-27
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་འདིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གི་དཔོན་རིགས་རིམ་པ་མི་འདྲ་བ་ཁག་ཅིག་བྱུང་ཡོད་པའི་ནང་ནས་ཏེང་ཞའོ་ཕིང་གི་དུས་སྐབས་ལ་ཕྱིར་དྲན་བྱས་པ།
2024-10-26
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་འདིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གི་དཔོན་རིགས་རིམ་པ་མི་འདྲ་བ་ཁག་ཅིག་བྱུང་ཡོད་པའི་ནང་ནས་རྒྱ་ནག་དམར་ཤོག་གཞུང་འདི་གསར་བཙུགས་བྱེད་མཁན་གྲས་ཀྱི་ཆེས་མཐོའི་དཔོན་རིགས་མའོ་ཙེ་ཏུང་གི་དུས་སྐབས་འདིའི་ནང་བོད་ལ་དྲག་པོའི་བཙན་བཟུང་བྱས་པ་ནས་བོད་ཀྱི་ལས་དབང་ལ་འགྱུར་བ་ཇི་འདྲ་ཞིག་བྱུང་མིན་སྐོར།