གསར་འགྱུར་ཡིག་ཚགས།
2025-02-14
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་བསྐྱར་བཅོས་ལག་བསྟར་བྱས་པ་དེས་བོད་ནང་གི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བརྗོད་འདུག
2025-02-13
རྒྱ་ནག་གཞུང་གིས་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་ལ་མཆོད་མཇལ་ཡག་པོ་ཞིག་བྱེད་བཅུག་མེད་འདུག
2025-02-12
རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ལ་དཀའ་ངལ་དང་འབྲེལ་བོད་ནང་ཕྲུ་གུ་སྐྱེས་བར་ཚོད་འཛིན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་བྱས་ཡོད་པ།
2025-02-11
ད་ལྟའི་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་བའི་ལངས་ཕྱོགས་སྤངས་བ་ཡིན་ན། ཏཱ་ལའི་བླ་མའི་མ་འོངས་པར་གྲོས་བསྡུར་བྱེད་པར་སྒོ་མོ་ཕྱེས་ཡོདཅེས་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་པ།
2025-02-11
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་(TCHRD)གིས་རྒྱ་ནག་གིས་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་དམིགས་བསལ་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་པའི་ནང་གསལ་སྟོན་གནང་འདུག
2025-02-11
བུད་མེད་གཉིས་ཐེ་བའི་བོད་རིགས་ལུས་རྩལ་བ་གསུམལ་ཨེ་ཤི་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཁྲོད་རྒྱལ་ཁ་ཐོབ་པར་བོད་མི་ཚོས་དྲ་ལམ་དུ་དགའ་བསུ་ཞུ་བཞིན་འདུག
2025-02-10
འདི་ནི་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་དེ་སྔོན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བོད་རང་དབང་འཐབ་རྩོད་ཀྱི་ལས་དོན་དང་འབྲེལ་བའི་གསར་འགྱུར་ལས་ཁང་ཞིག་གིས་བཅར་འདྲི་ཞུས་པ་མཐའ་མ་དེ་ཡིན་པ་རེད།
2025-02-10
བོད་ཀྱི་ཁུ་ཚུར་དྲག་རྩལ་བ་གཡུང་དྲུང་ལགས་ཀྱིས་ཨ་རིའི་(UFC)་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁ་བླངས་འདུག
2025-02-10
རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མའི་མ་འོངས་པར་གྲོས་བསྡུར་བྱེད་པར་སྒོ་མོ་ཕྱེས་ཡོད་ཚུལ་བཤད་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་ལན་འདེབས་གནང་བྱུང་།
2025-02-09
རྒྱ་ནག་གི་ཧའར་པིང་ (Harbin) དུ་ཚོགས་པའི་ཨེ་ཤེ་ཡའི་དགུན་དུས་ཀྱི་གངས་ཤུད་རི་རྩེད་འགྲན་བསྡུར་གསར་པའི་ནང་གངས་རིར་གཤོང་འདྲེད་རྩེད་འགྲན་གྱི་ཕྱི་ཚེས་ ༩ ཉིན་གྱི་སྐྱེད་པ་དང་བུད་མེད་ཀྱི་རྒྱལ་ཁ་ཡོངས་སུ་རྒྱ་ནག་གི་ངོ་བོའི་ཐོག་ནས་རྩེད་འགྲན་བྱེད་མཁན་ཚོར་ཐོབ་ཡོད་ཅིང་། འདིའི་ཁོངས་བུད་མེད་ཀྱི་རུ་ཁག་ནང་བོད་པའི་བུད་མེད་གཉིས་ལ་ཨང་དང་པོ་གསེར་གྱི་རྟགས་མ་དང་ཨང་གསུམ་པ་ལི་མའི་རྟགས་མ་སོ་སོར་ཐོབ་འདུག
2025-02-08
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥།༤༠ ཙམ་གྱི་ཐོག་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམས་ཤག་ཏུ་དགོངས་པ་རྫོགས་པ་ཁོང་དང་འབྲེལ་བ་ཉེ་པོ་ཡོད་མཁན་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཁོང་ནི་བོད་ཀྱི་ཉེ་བའི་ལོ་རྒྱུས་ཀྱི་ནང་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ་རེད།
2025-02-06
རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་ཁྲོད་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ་གཏོང་མཁན་གྱི་སྒེར་གཉེར་ཤེས་ཡོན་ལྟེ་གནས་ཁང་ཁག་དམིགས་འབེན་དུ་བཟུང་ཡོད་པ་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐེར་འདོན་གནང་འདུག
2025-02-06
འདས་པའི་བདུན་ཕྲག་གཉིས་ནང་བོད་ཀྱི་ས་ཁུལ་འདྲ་མིན་བཞིའི་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ནང་ནས་ཆེ་ཤོས་དེ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ཉིན་སྐྱིད་གྲོང་རྫོང་དུ་འགོ་ཚུགས་ཤིང་ད་དུང་ཡང་མེ་སྐྱོན་ཚོད་འཛིན་བྱེད་ཐུབ་མེད་ཅིང་། རྒྱ་ནག་གཞུང་འབྲེལ་ངོས་ནས་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད།
2025-02-04
བཙན་བྱོལ་ནང་གི་བོད་མི་སྒྱུ་རྩལ་བ་ཁག་ཅིག་གིས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པར་གདུང་སེམས་མཉམ་སྐྱེད་ཀྱི་གླུ་གཞས་ཞིག་ཟླ་བ་འདིའི་སྤྱི་ཚེས་༡༠ཉིན་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག