གསར་འགྱུར་ཡིག་ཚགས།
2025-01-13
དིང་རིར་ས་ཡོམ་བྱུང་ནས་བདུན་གཅིག་འགོར་ལ་ཉེ་བའི་སྐབས་རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ་རེད།
2025-01-11
ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ཛེ་ཡ་ མཆོག་གིས་ལས་གནས་ནས་ཕེབས་ཞུ་འབུལ་སྐབས་ཨ་མི་རི་ཀས་བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
2025-01-11
རང་བྱུང་གནོད་འཚེ་འདིའི་ཐོག་བོད་ཀྱི་ས་ཕྱོགས་འདྲ་མིན་ནས་བོད་མི་མང་ཚོགས་ཀྱིས་རང་འགུལ་ངང་ཞལ་འདེབས་བསྡུ་རུབ་གནང་སྟེ་མྱུར་སྐྱོབ་ལས་དོན་ནང་མཉམ་ཞུགས་གནང་ཡོད་པ།
2025-01-10
བོད་ནང་གི་དིང་རིའི་ས་ཡོམ་གོད་ཆག་གི་འཕེལ་རིམ་དང་བྱུང་བ་བཅས་ཀྱི་གནས་ཚུལ་སྤྱི་ཡོངས་ཕྱོགས་བསྡུས།
2025-01-10
ས་ཡོམ་ཁྲོད་གྲམ་ཚོ་ས་གནས་གཅིག་པུའི་ནང་མི་གྲངས་ ༡༠༠ ལྷག་རྐྱེན་འདས་ཕྱིན་ཡོད་པ། ས་གནས་བོད་མིས་བརྗོད་བཞིན་འདུག
2025-01-09
སྤྱི་ལོ་གསར་དུ་ཚེས་པ་དང་བསྟུན་ནས་ཐེ་ཝན་དུ་གཞུགས་པའི་ཉི་ཧོང་གི་དཔྱད་བརྗོད་པ་ཧྲི་པན་མེན་ཧྥུ་ཡིས་སྤྱི་ལོ་༢༠༢༥ལོར་རྒྱ་ནག་གཞུང་ལ་འཕྲད་ངེས་པའི་ཉེན་ཁ་ཆེན་པོ་གསུམ་བཤད་ཡོད།
2025-01-09
རྒྱ་ནག་གཞུང་གིས་དིང་རི་ས་ཡོམ་གྱི་གོད་ཆགས་ཁྲོད་མི་སྣ་ཤི་རྨས་གྲངས་འབོར་ཁ་གསལ་མ་བསྒྲགས་པར་གསར་ལམ་ཁག་ནང་ཁོང་ཚོས་མྱུར་སྐྱོབ་ལས་དོན་ཡག་པོ་བྱས་ཚུལ་བསྒྲགས་འདུག་མོད་ཕྱིའི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་མི་འདུག
2025-01-09
མེས་པོའི་མཛད་རྗེས་དྲན་པའི་ཐོག་ནས་བཟང་པོའི་ཡོན་ཏན་ལ་སློབ་སྦྱོང་ཞུ་རྒྱུ་འདི་གལ་ཆེ་ཆགས་ཡོད་པས། རྒན་རེ་མདོ་སེང་གེ་ལགས་དང་ལྷན་དུ་བཀའ་མོལ་གྱི་ལམ་ནས་མེས་པོའི་མཛད་རྗེས་ངོ་སྤྲོད་ཞུས་པ།
2025-01-09
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
2025-01-09
བཞུགས་སྒར་དུ་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་རྐྱེན་གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གནང་བ།
2025-01-08
བོད་ཀྱི་བླ་ཆེན་རྣམ་པས་བོད་ལ་སྟོད་དིང་རིར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པར་བསྔོ་བ་སྨོན་ལམ་གནང་འདུག
2025-01-08
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
2025-01-08
མགོ་ལོག་རྨ་སྟོད་དུ་ས་ཡོམ་ཚད་རིམ་ ༥.༥་ཅན་ཞིག་བྱུང་ཡོད་འདུག
2025-01-07
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་གི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་གཙོས་ཉེ་འཁོར་ས་ཁུལ་ཁག་ནང་ས་ཡོམ་ཚད་རིམ་ ༧.༡ ཅན་ཞིག་བྱུང་སྟེ། མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་བར་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་སྟེ། ས་ཡོམ་ཁྲོད་རྐྱེན་འདས་དང་གཏོར་བཤིག་བྱུང་བར་བློ་ཕམ་དང་། ངོས་ནས་བསྔོ་སྨོན་ཞུ་བཞིན་ཡོད་ཅེས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
2025-01-07
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ས་ཡོམ་གྱི་གནས་ཚུལ་དེ་དེ་རིང་སྔ་དྲོ་ནས་ཤེས་རྟོགས་བྱུང་སོང་བ་དང་། ང་ཚོས་ངོས་ནས་མུ་མཐུད་གནས་སྟངས་ག་འདྲ་བྱུང་མིན་ཐད་དོ་སྣང་བྱས་བསྡད་ཡོད་ལ། ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། སང་ཉིན་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་གཙུག་ལག་ཁང་དུ། ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུ་འཆར་ཡོད་ཅེས་གསུངས་སོང་།