ཁམས་བྲག་མགོར་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་གྱི་རྩ་ཆེའི་སྐུ་བརྙན་སོགས་གཏོར་བཤིག

2023.02.28
ཁམས་བྲག་མགོར་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་གྱི་རྩ་ཆེའི་སྐུ་བརྙན་སོགས་གཏོར་བཤིག རྒྱ་ནག་གཞུང་གིས་བྲག་འགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭར་འཛུགས་བསྐྲུན་གྱི་ཡིག་ཆ་ཚད་ལྡན་མེད་ཚུལ་བཤད་ནས་བཙན་བཀའ་བཏང་བར་བརྟེན་སློབ་གྲྭའི་ཁང་པ་བཤིག་དགོས་བྱུང་བའི་སྐབས། ༡༠།༢༠༢༡
སྐལ་བཟང་ནོར་བུ།

དབྱིན་ཇིའི་བོད་རང་དབང་ཚོགས་པའི་མཉམ་འབྲེལ་ཉམས་ཞིབ་ཚན་པ་བོད་གནས་བལྟ་ཞིབ་ཁང་གིས་བོད་ཁམས་བྲག་མགོར་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་གྱི་རྩ་ཆེའི་སྐུ་བརྙན་སོགས་གཏོར་བཤིག་བཏང་པ་དང་།  བོད་མི་གང་བྱུང་འཛིན་བཟུང་དང་མནར་གཅོད་བཏང་པ་ཁག་ཉམས་ཞིབ་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཞིག་ཉེ་ལམ་ཕྱི་ཟླ་ ༡ ནང་འདོན་སྤེལ་གནང་ཞིང་།  འདི་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་པའི་རྗེས་སུ་འདས་ལོ་བཅུ་ལྷག་གི་རིང་ཁུལ་དེར་དམ་དྲག་དང་གཏོར་བཤིག་ཇི་ལྟར་བཏང་ཡོད་མེད་གསལ་སྟོན་བྱས་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བྲག་མགོ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱི་ལས་དོན་ནང་དངོས་སུ་ཉམས་ཞིབ་གནང་མཁན་ཕ་རན་སི་ནང་གནས་བཞུགས་བོད་གནས་བལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎