དྲ་རྒྱའི་དམ་དྲག་གི་རྣམ་གྲངས་གསར་པ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་བྱེད་སྒོའི་ཚོགས་འདུ།

2021.11.02
དྲ་རྒྱའི་དམ་དྲག་གི་རྣམ་གྲངས་གསར་པ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་བྱེད་སྒོའི་ཚོགས་འདུ། དྲ་རྒྱའི་བདེ་འཇགས།
པར་ཚགས།

ཕྱི་ཟླ་ ༡༠ ཚེས་ ༡༠ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་༢༠༢༡ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་ཟེར་བ་ཚོགས་ཏེ། དྲ་རྒྱའི་དམ་དྲག་གི་རྣམ་གྲངས་གསར་པ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་བྱེད་སྒོའི་ཚོགས་འདུ་ཞིག་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེས་བོད་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་ཤུགས་རྐྱེན་སླེབས་འཇུག་རྒྱུ་མེད་པའི་བཀོད་བསྡོམས་བྱས་ཡོད་པ་རེད། དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་དོན་དབྱེ་ཞིབ་པས་གསུངས་ན།  སྒོར་ཟུར་ལྔ་པའི་མཆན་རྒྱག་མཁན་གྱི་གཡེན་སྦྱོར་བྱེད་མཁན་ཚོར་ལས་ཀ་མང་དུ་འགྲོ་སྲིད་པ་ཡིན་པའི་ཉེན་བརྡ་བཏང་གི་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎