བོད་ཀྱི་སྲོལ་རྒྱུན་དང་དེང་དུས་གཉེན་སྒྲིག་གཉིས་ལ་དགེ་སྐྱོན།
2020.03.04
ཉིན་ཤས་སྔོན་བོད་ཀྱི་ཁམས་ཕྱོགས་སུ་རེད་ཟེར་བའི་དྲྭ་ལམ་དུ་བུ་མོ་གཅིག་མནའ་མ་འགྲོ་མ་ཉན་པར་བྲོས་འགྲོ་བ་དང་། མི་མང་པོས་རྗེས་འདེད་ཀྱིས་ཚུར་བཟུང་བའི་བརྙན་ཐུང་ཅིག་བཀྲམས་རྗེས་དེ་ལ་དྲ་རྒྱའི་ཐོག་ལབ་གླེང་རྒྱ་མི་ཆུང་བ་ཞིག་བྱུང་ཡོད་པ་དང་འགའ་ཤས་ཀྱིས་ཟེར་ན་བྱེད་སྟངས་དེ་འགྲིག་ཡོད་ལུགས།ཕ་མས་རང་གི་བུ་ཕྲུག་སྡུག་ས་གཅིག་ལ་མི་མངགས་ལུགས།མི་ངོ་རྒྱུ་ངོ་སོགས་ཕྱོགས་གང་ཅིར་དགོངས་པ་བཞེས་ལུགས་དང་།ཡང་འགའ་ཤས་ཀྱིས་གཉེན་སྒྲིག་རང་མོས་དང་རང་དབང་།མི་ཚེའི་མདུན་ལམ་རང་ཐག་རང་གཅོད་ལ་འདྲ་མཉམ་ཡོད་དགོས་ལུགས། བཙན་དབང་དང་བཙན་སྒྲིག་ནི་ཁྲིམས་འགལ་དང་།མི་ལུས་རང་དབང་གི་ཐོབ་ཐང་དང་འགལ་ལུགས་མང་པོ་གསུངས་གནང་འདུག དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་ད་ལྟ་བོད་ནང་བྱུང་བ་དང་གླེང་བཞིན་པའི་སྤྱི་ཚོགས་ཀྱི་གནད་དོན་དེའི་ཐོག་བགྲོ་གླེང་བྱ་རྒྱུ་དང་། བརྗོད་གཞི་དེ་ནི་བོད་པའི་སྲོལ་རྒྱུན་གྱི་གཉེན་སྒྲིག་དང་གཉེན་སྒྲིག་རང་དབང་གི་དགེ་སྐྱོན་སྐོར་ཡིན་པ་གསན་རོགས་གནང་།