དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག

2024.09.12
དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག
གློག་རྡུལ་འཕྲུལ་དེབ་ཁང་།

དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི། སྤྱི་ལོ་༡༩༢༩ རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོའི་ཟླ་ ༡༢ ཚེས་ ༡༣ ཉིན་ཡབ་ས་སྐྱ་༸གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་ཡུམ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་ས་སྐྱ་ལྷ་ཁང་ཆེན་མོའི་མཁན་རབས་ ༤༣ པ་ཡོངས་འཛིན་སངས་རྒྱས་རིན་ཆེན་ལགས་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་བོད་ཡིག་གི་སྦྱོར་ཀློག་སློབ་པའི་དབུ་བཙུགས་གནང་། དེ་ནས་ས་སྐྱ་པའི་མདོ་སྔགས་ཀྱི་ཆོས་སྤྱོད་ཉེར་མཁོ་དུ་མ་ཐུགས་འཛིན་མཛད།བོད་ལ་རྒྱ་དམག་གིས་བཙན་འཛུལ་་བྱུང་སྐབས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་། སྤྱི་ལོ་༡༩༦༠ ལོའི་ཟླ་ ༡༠ ཚེས་ ༡༢ ཉིན་ཨ་རིའི་ནུབ་རྒྱུད་ཀྱི་ཝ་ཞིང་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར། སློབ་གཉེར་ཁང་དེར་བོད་ཀྱི་ཆོས་རིག་སློབ་ཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་པ་དང་། ཕྱི་ལོ་ ༡༩༧༤ ལོར་ཨ་རིའི་སེ་ཨ་རོལ་ས་གནས་སུ་ས་སྐྱ་ཐེག་ཆེན་ཆོས་གླིང་ཞེས་པའི་ཆོས་ཚོགས་ཕྱག་བཏབ་པ་ནས་བཟུང་རྒྱ་གར་དང་ནུབ་ཕྱོགས་ཡུལ་གྲུ་ཁག་འདྲ་མིན་ནང་དུ་ཆེད་ཕེབས་ཀྱིས་དཔལ་ས་སྐྱ་ཆོས་ཚོགས་ཆེད་བཙུགས་དང་། དེ་བཞིན་གདུལ་བྱ་དུ་མར་ཟབ་རྒྱས་ཆོས་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།
དེ་རིང་ཁ་བའི་གྲོས་རྭ་ནང་བོད་ཀྱི་རྣམ་ཐར་རྩོམ་རིག་གི་ལོ་རྒྱུས་དང་དགེ་མཚན་སྐོར་སྤྱིར་དང་། ལྷག་པར་དུ་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་མཛད་རྣམ་སྐོར། རྩོམ་པ་པོ་དང་ལོ་ཙཱ་བ་སྤྲུལ་སྐུ་ཡེ་ཤེས་ལགས་དང་། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅར་འདྲི་བྱས་པར་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎