བོད་མིར་ཡོའོ་ག་ལུས་རྩལ་སྦྱོང་བརྡར།

རྒྱ་གར་ནང་ཀུམ་རའོ་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཚོར་ལུས་སྦྱོང་ཡོའོ་ག་ཟེར་བའི་ནད་གཞི་བཅོས་སྟངས་སྐོར་གྱི་སྦྱོང་བརྡར་སྤྲད་ཡོད་པ་རེད།

2009.06.19

༄༅༎དེ་རིང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་པར་ངོས་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་གར་གྱི་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཡོད་པའི་ཀུམ་རའོ་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཚོར་ཉིན་ལྔའི་རིང་ལུས་སྦྱོང་ཡོའོ་ག་ཟེར་བའི་ནད་གཞི་བཅོས་སྟངས་སྐོར་གྱི་སྦྱོང་བརྡར་སྤྲད་ཡོད་པ་རེད།

རྒྱ་གར་གྱི་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་དང་ཨུ་རྡ་པར་རྡེ་ཤིའི་ས་མཚམས་སུ་ཆགས་པའི་ཀུམ་རའོ་བོད་མིའི་གཞིས་ཆགས་ནང་དུ་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་ལུས་སྦྱོང་ཡོའོ་ག་ཞེས་པའི་སློབ་ཁྲིད་སྦྱང་བརྡར་སྤྲད་ཡོད་ཅིང་ཐོག་མར་ལུས་སྦྱོང་སློབ་ཁྲིད་འགོ་མ་ཚུགས་གོང་ས་གནས་འགོ་འཛིན་གྱིས་མི་དམངས་འདུ་འཛོམས་ཐོག་ལ་ལུས་སྦྱོང་སློབ་ཁྲིད་གནང་མཁན་སམ་སྦོ་ཊའི་སྤྱི་ཁབ་ཡིག་ཚང་གི་ལས་བྱེད་པ་ཚོས་དར་ལགས་ངོ་རྒོལ་གནང་བ་དང་མི་དམངས་ཚོར་ལུས་སྦྱོང་དེའི་ནང་མཉམ་ཞུགས་བྱ་རྒྱུ་སྤྱི་སྒེར་གཉིས་ཀྱི་འཕྲོད་བསྟེན་ཐོག་ཕན་ཐོགས་ཡོད་པའི་སྐོར་དང་ལུས་སྦྱོང་སློབ་ཁྲིད་གྲུབ་པའི་རྗེས་སུ་རྒྱུན་དུ་ནས་སྦྱོང་བརྡར་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་ཆོས་དར་ལགས་ཀྱིས་ད་རེས་ཁོང་གཞུང་འབྲེལ་གྱི་བཀའ་དགོངས་བཞིན་ས་གནས་ཐོག་ཕེབས་ཏེ་བོད་མི་རྣམས་ལ་ལུས་སྦྱོང་སྐོར་སློབ་ཁྲིད་དང་སྦྱོང་བརྡར་གནང་རྒྱུའི་ལས་རིམ་ངོ་སྤྲོད་གནང་བ་དང་ཁོང་གི་ངོས་ནས་ལུས་སྦྱོང་དེ་ཉིན་རེའི་འཚོ་བའི་ནང་མུ་མཐུད་གནང་ཐུབ་པ་ཡིན་ཚེ་ལུས་པོ་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ཉམས་མྱོང་འགྲེལ་བརྗོད་གནང་ཡོད་པ་རེད།

ཆོས་དར་ལགས་ཀྱིས་ད་རེས་ཀུམ་རའོ་བོད་མིའི་གཞིས་ཆགས་ནང་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་ཕྱི་ཚེས་ལྔ་བར་ཉིན་གྲངས་ལྔའི་རིང་སྔ་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་དགུ་པ་བར་དང་ཕྱི་དྲོ་ཆུ་ཚོད་དྲུག་པ་ནས་བདུན་པ་བར་སྦྱོང་བརྡར་དང་སློབ་ཁྲིད་གནང་བ་མ་ཟ་ད་བོད་མི་ཁག་ཅིག་གིས་ནད་རིགས་མི་འདྲ་བའི་ཐོག་ལུས་སྦྱོང་གི་རྣམ་གྲངས་མི་འདྲ་བ་རྩེད་རྒྱུ་ཡོད་པ་དེ་དག་ཐོག་བཀའ་འདྲི་དང་སློབ་སྟོན་ཞུ་རྒྱུའི་གོ་སྐབས་བྱུང་བ་མ་ཟད་ཉིན་གྲངས་ལྔའི་ནང་ལ་བོད་མི་སེར་སྐྱ་མི་གྲངས་ཁྱོན་ལྔ་བཅུ་ལྷག་དང་དེ་བཞིན་ཉེ་འཁོར་གྱི་རྒྱ་གར་བ་ཡུལ་མི་ཁག་ཅིག་ལ་སློབ་ཁྲིད་དང་སྦྱོང་བརྡར་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎