སླར་ཡང་བོད་ནང་རང་ལུས་མེར་བསྲེགས་ནས་ངོ་རྒོལ་བྱས་པ།

བོད་མདོ་སྨད་ཨ་མདོ་རྔ་པའི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག

2011.10.15

༄༅༎སླར་ཡང་བོད་མདོ་སྨད་ཨ་མདོ་རྔ་པའི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
དེ་རིང་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥འི་སྔ་དྲོ་ རང་ལོ་ ༡༩ ཡིན་པ། ནོར་བུ་དགྲ་འདུལ་ལགས་ཞུ་བ་ཞིག་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་བཞིན་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་འཐུད་ཁང་ནས་གནས་ཚུལ་སྤེལ་འདུག
ནོར་བུ་དགྲ་འདུལ་ལགས་ནི་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་ཡིན་པ་དང་། དེ་སྔོན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ཡིན་ཡང་། ཕྱི་ལོ་ ༢༠༡༠འི་ནང་སྐྱ་སར་བབས་པ་ནས་བཟུང་ཁོང་གི་ཕ་མའི་ཁྱིམ་སར་བསྡད་ཡོད་འདུག
ནོར་བུ་དགྲ་འདུལ་ལགས་ཀྱི་ལུས་ཐོག་མེ་འབར་བཞིན་པའི་སྐབས། ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པ་ཚོས་ཆུ་དང་མེ་གསོད་ཡོ་ཆས་བེད་སྤྱོད་བྱས་ཏེ་མེ་བསད་འདུག་ན་ཡང་། སྐབས་དེར་གནས་ཚུལ་དངོས་སུ་མཐོང་མཁན་ཚོས་བརྗོད་ན། ཉེན་རྟོག་པས་ནོར་བུ་དགྲ་འདུལ་ཐོག་བཅར་བརྡུང་བཏང་སྟེ། ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་ཞིག་གི་ནང་འཁྱེར་ཡོད་འདུག་ན་ཡང་ གང་དུ་འཁྱེར་ཡོད་མེད་ད་བར་ཤེས་རྟོགས་ཐུབ་མེད་པ་རེད་འདུག
ད་དུང་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་བར་གཞིགས་ན་ ནོར་བུ་དགྲ་འདུལ་ལགས་ཀྱི་གཟུགས་པོར་མེ་སྐྱོན་ཚབས་ཆེ་བྱུང་ཡོད་འདུག་ན་ཡང་། ཉེན་རྟོག་པས་རླངས་འཁོར་ནང་འོར་འདྲེན་སྐབས་འདས་གྲོངས་སུ་གྱུར་མེད་པ་གསལ་པོ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎