ཤིན་ཅིང་ལ་གཅིག་གྱུར་ཐོག་རྒྱ་ནག་གི་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་རྒྱུ།


2015.08.06
ཤིན་ཅིང་Urumqiཕྱོགས་སུ་རྒྱ་ནག་གིས་དམ་དྲག་གི་རྣམ་པ། ༢༠༠༩།༧།༩ ཤིན་ཅིང་Urumqiཕྱོགས་སུ་རྒྱ་ནག་གིས་དམ་དྲག་གི་རྣམ་པ། ༢༠༠༩།༧།༩
AFP

ཤིན་ཅིང་དུ་གཅིག་གྱུར་ཐོག་རྒྱ་ནག་གི་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་རྒྱུའི་སྲིད་ཇུས་འཛིན་རྒྱུ་ཡིན་པ་ཤིན་ཅིང་ཉེན་རྟོག་ཕྱོགས་ནས་བཤད་འདུག
དེའང་དེ་རིང་ཟླ་༨ཚེས་༦ཉིན་ཤིན་ཅིང་ཉིན་རེའི་ཚགས་པར་ཐོག ཤིན་ཅང་དམར་ཤོག་ཚོགས་པས་གནས་ཚུལ་ཞིག་སྤེལ་བ་BBC་སོགས་བརྒྱུད་ལམ་དུ་བཀོད་པ་ལྟར་ན། ཤིན་ཅིང་ཉེན་རྟོག་ཕྱོགས་ཀྱི་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་མཁན་ལས་ཁང་གིས་ཕྱིར་བསྐྱོད་ལག་ཁྱེར་དཀྱུས་མ་དོ་དམ་བསྒྱུར་བཅོས་སྔར་བས་མགྱོགས་སུ་གཏོང་རྒྱུ་དང་། ཁྲིམས་ལུགས་གཞིར་བཟུང་ཕྱིར་བསྐྱོད་ལག་ཁྱེར་དཀྱུས་མ་གཅིག་གྱུར་སྤྲོད་རྒྱུའི་དོ་དམ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྲིད་ཇུས་གསར་པའི་འོག་ཤིན་ཅིང་ཡུལ་མི་ཕྱིར་བསྐྱོད་ལག་ཁྱེར་ཞུ་མཁན་ཚང་མར་སྤྱིར་བཏང་ཕྱིར་བསྐྱོད་ལག་ཁྱེར་སྲིད་ཇུས་གཅིག་གྱུར་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཡིན་ནའང་གནས་ཚུལ་ལ་གཞིགས་ནས་ལག་ཁྱེར་ཞུ་མཁན་དོ་བདག་གིས་ཡུལ་མིའི་མིང་ཐོབ་ལག་ཁྱེར་དང་ཐེམ་ཐོ་མ་ཡིན་པའི་ཡིག་ཆ རིགས་དགོས་གལ་ཡོད་པ་རེད་ཅེས་བཀོད་པ་རེད།  
དེའི་གོང་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ལ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར། རྒྱ་ནག་གིས་བོད་སོགས་ས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་སྤྱི་འབངས་ལ་ཕྱིར་བསྐྱོད་ལག་ཁྱེར་མི་སྤྲོད་པ་འམ་ཡང་ན་ནར་འགྱངས་བཏང་བ། ཕྱིར་བསྐྱོད་ལག་ཁྱེར་ཞུ་མཁན་འགའ་ཞིག་ལོ་ལྔ་ཙམ་ངང་སྒུག་བྱེད་དགོས་པ། ཐ་ན་ལག་ཁྱེར་ཞུ་སྙན་རྩིས་ལེན་བྱེད་ཀྱི་མེད་པ་རེད།  
ད་རེས་ཤིན་ཅིང་ས་ཁུལ་དུ་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་ཕྱོགས་དེའི་ཐད་ཤིན་ཅང་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བའི་ནང་། ཐེངས་དེར་ཕྱིར་སྐྱོད་ལག་ཁྱེར་དཀྱུས་མའི་བསྒྱུར་བཅོས་མགྱོགས་སུ་བཏང་བ་དེ་ནི་ལྟེ་བའི་ས་ཁུལ་གྱི་འཛུགས་བསྐྲུན་དང་འཚམ་པ་དང་། ཤིན་ཅིང་གི་བསྒྱུར་བཅོས་སྒོ་མོི་དབྱེ་རྒྱུ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུར་སྲིད་གཞུང་གིས་ལག་ཁྱེར་ཞུ་ཕྱོགས་དང་། མང་ཚོགས་ལ་སྟབས་བདེ་ཡོང་ཆེད་ཡིན་ལུགས་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎