ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་རྒྱུར་རྒྱ་ནག་གཞུང་གིས་འགོག་ཐབས་བྱེད་ཀྱི་ཡོད་འདུག

2022.07.20
ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་རྒྱུར་རྒྱ་ནག་གཞུང་གིས་འགོག་ཐབས་བྱེད་ཀྱི་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་ལགས་རྒྱ་ནག་ནང་གཟིགས་སྐོར་སྐབས་ཀྱི་མཚོན་དོན་རི་མོ།
RFA

དེ་ཡང་སྤྱི་ཟླ་༧པའི་ཚེས་༡༩ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐད་སྙན་ཐོ་ཞིག་འདོན་འཆར་ཡོད་པ་དེ། རྒྱ་ནག་གཞུང་གིས་བཀག་འགོག་གི་ཆེད་དུ་ལྷན་ཁང་གི་སྤྱི་ཁྱབ་ལ་ཡིག་འབྲེལ་བྱས་བ་ཁག་རོའུ་ཊར་གསར་ལས་ཁང་གིས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་དང་། གཞན་ཡང་ཚོགས་མི་ཁག་ལ་རྒྱ་ནག་གཞུང་གིས་དེར་རྒྱབ་སྐྱོར་མི་བྱེད་པའི་འབོད་སྐུལ་ཞུ་བཞིན་པ་རྒྱལ་ཁབ་གསུམ་གྱིས་དེ་དངོས་འབྲེལ་ཡིན་པ་ཁས་ལེན་ཡང་བྱས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལྕམ་(Michelle Bachelet)་མཆོག ཉེ་སྔོན་སྤྱི་ཟླ་ལྔ་པའི་ནང་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པའི་རྗེས། ཁོང་མོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྣང་ཆེན་མ་བྱས་བར་རྒྱ་ནག་ལ་འཇམ་པོ་བྱས་བའི་བྱེད་སྟངས་ཐད་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་། ཁོ་མོས་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་དུ་འདུག་རྒྱུ་མིན་པ་འགྲེལ་བརྗོད་བྱས་ཡོད་ལ། རིང་མིན་སྤྱི་ཟླ་༨པའི་མཇུག་ཁོང་མོའི་ལས་གནས་དུས་ཡུན་མ་རྫོགས་གོང་། རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་འདོན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་ཟུར་བཀག་གིས་ངལ་རྩོལ་བཙན་སྐུལ་བྱེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་ཚབ་ཆེ་གཏོང་བཞིན་ཡིན་པར་སྐྱོན་བརྗོད་རབ་དང་རིམ་པར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དུས་ཐོག་འདོན་སྤེལ་བྱེད་དགོས་བའི་འབོད་སྐུལ་བྱེད་བཞིན་པ་རེད།

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎