ཞི་ཅིན་ཕིང་གིས་ཞིབ་ཕྲ་མེད་པའི་གོ་ལའི་བདེ་འཇགས་འཆར་སྣང་ཞེས་པའི་གྲོས་གཞི་བཏོན།

2022.04.21
ཞི་ཅིན་ཕིང་གིས་ཞིབ་ཕྲ་མེད་པའི་གོ་ལའི་བདེ་འཇགས་འཆར་སྣང་ཞེས་པའི་གྲོས་གཞི་བཏོན། ཞི་ཅིན་ཕིང་(Boao Forum for Asia)་ཨེ་ཤེ་ཡ་གླེང་སྟེགས་སྟེང་། ༠༤།༢༡།༢༠༢༢
Reuters

དེ་ཡང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། བརྙན་ལམ་ནས་རྒྱ་ནག་གི་སྲིད་འཛིནཞི་ཅིན་ཕིང་གིས་ལོ་ལྟར་སྐོང་ཚོགས་གནང་བཞིན་པའི་(Boao Forum for Asia)་ཨེ་ཤེ་ཡ་གླེང་སྟེགས་བརྒྱུད་གོ་ལའི་བདེ་འཇགས་འཆར་སྣང་ཞེས་པའི་གྲོས་གཞི་ཤིག་བཏོན་ཡོད་པའི་ནང་ཁ་བྲལ་ཐབས་མེད་པའི་བདེ་འཇགས་ཞེས་པའི་རྩ་དོན་ལ་རྒྱུན་འཁྱོངས་བྱ་དགོས་ལུགས་ནན་བརྗོད་གནང་ནས། དེར་ར་ཤེ་ཡའི་ཕྱོགས་ནས་མོས་མཐུན་གནང་ཡོད་འདུག འོན་ཀྱང་། དེའི་ཞིབ་ཕྲའི་ནང་དོན་དང་འབྲེལ་བའི་གནས་ཚུལ་ཁག་མཁོ་འདོན་བྱས་མེད་པ་རེད། ཞི་ཅིན་ཕིང་གིས་གོང་བརྗོད་གླེང་སྟེགས་བརྒྱུད་གཏམ་བཤད་གནང་དུས། འཛམ་གླིང་གིས་སོ་སོའི་ལུགས་དང་མཐུན་པའི་བདེ་འཇགས་བློ་འཚབ་ཐད་དོ་སྣང་སྤྲོད་པའི་ཞོར་དུ་རྒྱལ་ཁབ་ཚང་མའི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་བཀུར་བྱ་དགོས་པའི་སྐོར་རྒྱ་ནག་གི་ཧེ་ནན་གླིང་ཕྲན་དུ་སྐོང་ཚོགས་གནང་བའི་ཨེ་ཤེ་ཡའི་གླེང་སྟེགས་སུ་བརྗོད་འདུག
ད་རེས་རྒྱ་ནག་གཞུང་གིས་ཐེངས་དང་པོར་ཁ་བྲལ་ཐབས་མེད་པའི་བདེ་འཇགས་ཟེར་བ་ཞིག་གླེང་ཡོང་བ་དེས་ཨ་མི་རི་ཀས་ཨེ་ཤེ་ཡའི་ནང་གི་བྱ་སྤྱོད་དག་ལ་གོ་བརྡ་སྤྲད་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་ཡོད་པ་བཞིན། རྒྱ་ནག་གི་ངོས་ནས་གལ་ཏེ། ཨ་རི་དང་དེའི་མཐུན་ཕྱོགས་ཡུལ་གྲུ་ཁག་གིས་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་འཛིན་པའི་བྱ་སྤྱོད་དག་ནི་རྒྱ་ནག་གི་བདེ་འཇགས་སྣང་མེད་བཏང་བ་ཞིག་ལ་གཟིགས་པ་ཡིན་ན། ཁ་བྲལ་མེད་པའི་བདེ་འཇགས་ཞེས་པའི་སྤྱི་མཚན་བེད་སྤྱད་ནས་དགྲ་ཤ་ལེན་སྲིད་པ་རེད་ཅེས་སེང་གྷ་ཕུར་ནང་ཡོད་པའི་(Rajaratnam)་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཚན་ཁག་གི་སློབ་དཔོན་གཞོན་པ་ལིས་མིན་ཅང་གིས་བརྗོད་འདུག
(Boao)་ཞེས་པ་ནི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་༢༥དང་། ཨོསི་ཊརེ་ལི་ཡ་(Australia)་བཅས་ནས་གྲུབ་པའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་སྟེ། ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་གཞུང་གི་འགོ་ཁྲིད་དང་ཚོང་པ། དེ་བཞིན་ཤེས་ཡོན་པ་དང་། དེ་མིན་ཡུལ་གྲུ་གཞན་གྱི་ཆེད་མཁས་པ་རྣམས་ཆེད་འགུགས་ཀྱིས་གལ་གནད་ཆེ་བའི་གནད་དོན་ཁག་ལ་སོ་སོའི་མཐོང་ཚུལ་བརྗེ་རེས་གནང་སའི་གླེང་སྟེགས་ཡིན་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎