ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་སྟངས་ཐད་རྒྱལ་སྤྱིའི་རང་བཞིན་གྱིས་ཞིབ་འཇུག་བྱ་རྒྱུ་རེད།


2020.05.19
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས། ༢༠༢༠།༥།༡༨ འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས། ༢༠༢༠།༥།༡༨
WHO

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་སྟངས་ཐད་རྒྱལ་སྤྱིའི་རང་བཞིན་གྱི་རང་དབང་ལྡན་པའི་ཞིབ་འཇུག་བྱེད་རྒྱུ་ཡིན་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་དང་འབྲེལ་བསྒྲགས་འདུག
འདི་ཚེས་༡༨་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ ༡༩༤ ཡི་ལོ་འཁོར་ཚོགས་ཆེན་(World Health Assembly)་ཚོགས་ཡོད་ཅིང་། ཡོ་རོབ་སྤྱི་མཐུན་གྱི་སྣེ་ཁྲིད་འོག་རྒྱལ་ཁབ་ ༡༢༠ ་ལྷག་གིས་ད་ཆ་འཛམ་གླིང་རང་བཞིན་གྱི་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དང་། དེའི་བྱུང་རྐྱེན་ཐད་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བྱེད་དགོས་པའི་གྲོས་འཆར་དང་འབྲེལ། ཏོག་དབྱིབས་ནད་ཡམས་ཀྱི་རྒྱུ་རྐྱེན་དང་། ནད་ཡམས་ཁྱབ་གདལ་ཇི་ལྟར་བྱུང་སྟངས། ནད་ཡམས་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གདོང་ལེན་གྱི་ལས་དོན་བྱེད་ཕྱོགས་ཐད་བགྲོ་གླེང་བྱས་རྗེས། རྒྱལ་ཁབ་མང་ཆེ་བས་ཞིབ་འཇུག་གི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros Adhanom)ལགས་ཀྱིས་གང་མགྱོགས་རྒྱལ་སྤྱིའི་རང་བཞིན་གྱི་རང་དབང་ལྡན་པའི་ཞིབ་འཇུག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་ལ་དེ་ལྟར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་མཁན་ཁོངས་ནས། ཨོསུ་ཀྲེ་ལི་ཡས་ལས་དོན་དེ་སྣེ་ཁྲིད་བྱས་ཡོད་པར་ངོས་འཛིན་གྱི་ཡོད་ཅིང་། འདི་ཚེས་༡༩་རེས་གཟའ་མིག་དམར་ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ནད་ཡམས་དེའི་ཐོག་ཞིབ་འཇུག་གནང་རྒྱུ་གསལ་བསྒྲགས་་་་་གནང་པའི་རྗེས། ཨོསུ་ཀྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་(Marise Payne)་ལགས་ཀྱིས། ཞིབ་འཇུག་གི་ལས་དོན་ལ་རྒྱབ་སྐྱོར་གྱི་དགའ་བསུ་ཞུས་པ་དང་འབྲེལ་ཞིབ་འཇུག་དེ་བཞིན་ཕྱོགས་ལྷུང་མེད་པ་དང་། རང་དབང་ལྡན་པ། ཞིབ་ཚགས་ལྡན་པའི་ཞིབ་འཇུག་ཞིག་དགོས་གལ་ཤིན་ཏུ་ཆེ་བ་ནན་བརྗོད་གནང་ཡོད་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་མུ་མཐུད་གསལ་བར། བདུན་ཕྲག་སྔོན་མ་ཨོསུ་ཀྲེ་ལི་ཡའི་སྲིད་བློན་(Scott Morrison)་ལགས་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གིས། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་དཀའ་ངལ་ཅི་ཆེ་འཕྲད་བཞིན་པ་དང་། དེའི་འགན་ཁུར་གཙོ་བོ་རྒྱ་ནག་གཞུང་ལ་ཡོད་པས་ངེས་བར་རྒྱ་ནག་གཞུང་ལ་འགན་འཁུར་ལེན་དུ་འཇུག་པའི་ཆེད། རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་དགོས་པའི་གནད་དོན་གླེང་སློང་བྱས་པར་བརྟེན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཨོསུ་ཀྲེ་ལི་ཡའི་གླང་ཤ་ཕྱིར་འདྲེན་བཀག་བསྡོམ་བྱས་ཡོད་པ་མ་ཟད། རེས་གཟའ་མིག་མར་ཉིན་རྒྱ་ནག་གི་ཚོང་འབྲེལ་ལས་ཁུངས་ནས། རྒྱ་ནག་ཏུ་ནང་འདྲེན་བྱེད་པའི་ཨོསུ་ཀྲེ་ལི་ཡའི་འབྲུ་རིགས་ཀྱི་ཐོན་སྐྱེད་ལ་སྒོ་ཁྲལ་བརྒྱ་ཆ་༨༠་སྤར་ཆ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་ཨོསུ་ཀྲེ་ལི་ཡའི་ཕྱིར་འདྲེན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཆ་བྱས་པ་ནི། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་དེའི་གནས་ཚུལ་སྐོར་ཕྱི་གསལ་ནང་གསལ་མ་བྱས་བར་བརྟེན་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་འཕྲད་པ་ཨོསུ་ཀྲེ་ལི་ཡའི་གཞུང་གིས་གླེང་སློང་བྱས་པར་རྒྱ་ནག་གིས་འཁོན་ལན་སློག་པ་ཞིག་ཡིན་པར་གཟིགས་ཀྱི་ཡོད་འདུག


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎