རྒྱལ་སྤྱིའི་ཡུལ་གྲུ་གང་སར་ལོ་གསར་དགའ་སྟོན་གྲ་སྒྲིག།

རྒྱལ་སྤྱིའི་ཡུལ་གྲུ་གང་སར་རྒྱལ་ཁབ་སོ་སོའི་ལུགས་སྲོལ་གོམས་གཤིས་ལ་གཞིགས་པས་ལོ་གསར་པའི་དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག།

2009.12.31

༄༅༎ཕྱི་ལོ་ཉིས་སྟོང་དགུ་རྗོགས་རན་པ་དང་ཕྱི་ལོ་ཉིས་སྟོང་བཅུ་ཤར་ལ་ཉེ་བའི་སྐབས་རྒྱལ་སྤྱིའི་ཡུལ་གྲུ་གང་སར་རྒྱལ་ཁབ་སོ་སོའི་ལུགས་སྲོལ་གོམས་གཤིས་ལ་གཞིགས་པས་རྣམ་སྤྱོད་འདྲ་མིན་གྱི་ཐོག་ནས་ལོ་གསར་པའི་དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་༎

རྒྱལ་ཁབ་ཀྱི་ས་གཞིའི་ཆགས་བབས་ལ་བརྟེན་ནས་ཉིས་སྟོང་བཅུ་ལོ་ཕྱི་ལུགས་ཀྱི་ལོ་གསར་པ་དེ་ཐོག་མར་ཨོ་སི་ཀྲོ་ལི་ཡ་ནང་ཤར་གྱི་ཡོད་པ་དང་ཉིན་དེར་ཨོ་སི་ཀྲོ་ལི་ཡ་མཚོ་ཁའི་གྲོང་ཁྱེར་སི་ཌི་ནི་རུ་མཁའ་ཐོག་ཏུ་མཚོན་ཁྲ་ཅན་གྱི་ཤོག་སྦག་སྟོང་ཚོ་མང་པོའི་འུར་སྒྲ་དང་འབྲེལ་མི་མང་ས་ཡ་གཅིག་དང་ཕྱེད་ཀ་མཉམ་འཛོམས་ཀྱི་ལོ་གསར་སྲུང་བརྩི་ཞུ་འཆར་ཡོད་འདུག་ལ་ ཡང་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་སྙན་གྲགས་ཅན་གྱི་ཨའེ་ཕལ་ཀྲ་ལྦར་ཞེས་པའི་སྟེང་གློག་མཚོན་ཁྲ་སྣ་ཚོགས་ཅན་གྱི་འགྲེམས་སྟོན་དང་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གྲོས་ཚོགས་དང་ཐེམ་སི་ཞེས་པའི་གཙང་པོའི་ཉེ་འཁྲིད་དུ་ཡོད་པའི་སྦིག་སྦེན་ཞེས་ཁང་ཐོག་ཆུ་ཚོད་ཀྱི་སྒྲ་སྐད་དང་བསྟུན་ཏེ་མི་མང་སྟོང་འཚོ་མང་པོས་འདུ་འཛོམས་བྱ་རྒྱུ་ཡིན་པ་རེད་ ཨ་རིའི་ནང་སྲོལ་རྒྱུན་ལྟར་གྲོང་ཁྱེར་ནིའུ་ཡོག་གི་ཀྲའེམ་སི་སི་ཁུ་ལྦེར་ཞེས་པའི་ཁྲོམ་གཞུང་ཐོག་མི་མང་འཁྲི་ཚོ་མང་པོ་འདུ་འཛོམས་བྱེད་འཆར་ཡོད་པ་དང་ཆབས་ཅིག་དྲག་སྤྱོད་པས་གཏོར་རྒོལ་གྱི་ཉེན་ཚབས་འགོག་སྲུང་སླད་སྲུང་བྱ་དམ་པོའི་ཐོག་ནས་དགའ་སྟོན་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་ ཨེ་ཤི་ཡའི་ཡུལ་ཁག་ལ་ལྟས་ན་ཧོང་ཀོང་གི་མཚོ་ཁའི་གྲུ་འཛིང་བབས་ཚུགས་སུ་  མི་མང་ཁྲི་ཚོ་མང་པོས་མཁའ་དབྱིངས་ཐོག་ཤོག་སྦག་གི་ལྟ་མོ་ལྟ་བར་འདུ་འཛོམས་བྱ་རྒྱུ་དང་རྒྱ་གར་ནང་མཚོན་ན་ལོ་མང་རྗེས་རྒྱ་གར་ཀཤ་མི་རིའི་ཁུལ་གྱི་གནས་སྟངས་ལྷིང་འཇགས་ལ་བརྟེན་ནས་འདི་ལོ་ཁུལ་དེའི་ནང་ཕྱི་ལུགས་གསར་པ་སྲུང་བརྩི་ཟབ་རྒྱས་ངང་གྲ་སྒྲིགས་བྱེད་བཞིན་ཡོད་པ་རེད་ ཡིན་ཡང་ཐའེ་ལེན་ཌི་ནང་དེ་སྔ་ཉིས་སྟོང་དྲུག་ལོའི་ཕྱི་ལུགས་གསར་པའི་སྐབས་འབར་རྗས་ཀྱི་གཏོར་རྒོལ་ལ་རྐྱེན་པས་་ ཕྱི་ལུགས་གསར་པའི་དགའ་སྟོན་སྲུང་བརྩི་ཞུ་སྐབས་ཤོག་སྦག་ལ་སོགས་པའི་འབར་རྗས་བེད་སྤྱོད་ཆོག་གི་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎