བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་ལ་ཛ་དྲག་གི་འབོད་སྐུལ།

བོད་ནང་དུ་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱ་བར་རྒྱལ་སྤྱིའི་སྐུ་ཚབ་འགྲོ་བསྐྱོད་རང་དབང་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བ།

2012.02.04

༄༅༎རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ནང་གི་ཡ་ང་བའི་གནས་སྟངས་ལ་བློ་འཚབ་ཆེན་པོ་གནང་བའི་ཐོག་ནས་རྒྱ་ནག་གཞུང་གིས། བོད་ནང་དུ་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱ་བར་རྒྱལ་སྤྱིའི་སྐུ་ཚབ་འགྲོ་བསྐྱོད་རང་དབང་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱལ་སྤྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ཟླ་དང་པོའི་ཚེས་༣༡ འཁོད་པའི་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་བོད་ཀྱི་ཁམས་བྲག་འགོ་དང་དཀར་མཛེས། འཛམ་ཐང༌། གསེར་རྟ་སོགས་བོད་ཀྱི་ས་ཁུལ་ནང་དུ་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མིའི་ཐོག་རྒྱ་མིའི་ཉེན་རྟོག་པས་གང་བྱུང་མེ་མདའ་རྒྱབ་སྟེ་བོད་མི་དྲུག་རྐྱེན་ལམ་དུ་ཕྱིན་པ་དང༌། དྲུག་བཅུ་ལྷག་རྨས་སྐྱོན་བཏང་བའི་གནས་ཚུལ་ཐོན་པར་བློ་འཚབ་ཆེན་པོ་བྱུང་བའི་སྐོར་དང༌། བོད་མི་ཚོས་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གི་ཐོབ་ཐང་རྩོད་གླེང་ཆེད་ཞི་བའི་ངོ་རྒོལ་བྱེད་པའི་སྐབས། རྒྱ་ནག་གཞུང་ཕྱོགས་ནས་དྲག་པོའི་གོ་མཚོན་བེད་སྤྱོད་བྱས་པ་དེ་ནི་ནོར་འཁྲུལ་རེད་ཅེས་དང༌། ཡང་གནས་ཚུ་ཐོན་ཁུངས་ལ་གཞིགས་ན། བོད་ནང་རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ། ཟི་ཁྲོན་ཞིང་ཆེན་དང་བོད་ཀྱི་ས་ཁུལ་ནང་གསར་འགོད་པ་དང༌། དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་དུ་འགྲོ་བསྐྱོད་བཀག་འགོག་བྱས་པའི་བྱ་སྤྱོད་དེ་ཚོ་ནི་འོས་ཤིང་མ་འཚམས་པ་ཡིན་ཞིང༌། ད་དུང་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་རྔ་པ་ཁུལ་དུ་སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བྱས་པ་དང་དོ་དམ་བྱས་པ་ཚོའི་གནས་སྟངས་ཇི་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པ་དང༌། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་སོ་སོའི་ཐོག་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པ་དེ་བསྔགས་བརྗོད་གནང་ཡོད་མ་ཟད། བོད་ནང་དུ་རང་ལུས་མེ་བསྲེག་གཏོང་རྒྱུ་མཚམས་འཇོག་གནང་སྟེ་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎