འཛམ་གླིང་ནང་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུའི་ཉེན་བརྡ།

འཛམ་གླིང་ནང་མ་འོངས་པར་མི་དམངས་ཀྱི་འཚོ་བའི་ནང་ཆུ་འདེངས་ངེས་མཁོ་འདོན་བྱེད་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་བརྡ།

2009.01.30

༄༅༎འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་ཐོག་དེང་སྐབས་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་མ་འོངས་པར་མི་དམངས་ཀྱི་འཚོ་བའི་ནང་ཆུ་འདེངས་ངེས་མཁོ་འདོན་བྱེད་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་སུད་སིར་ཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཞེས་པའི་ཐོག་ཚོགས་བཅར་གནང་བའི་རྒྱལ་སྤྱིའི་དབུ་ཁྲིད་ཚོས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་ཆུ་བེད་སྤྱོད་གཏོང་བར་འགྲོ་གྲོན་ཆེན་པོ་ཐོབ་ཀྱི་མེད་པར་བརྟེན་ཆུ་གང་བྱུང་བེད་སྤྱོད་གཏོང་བ་དང་ཆུ་བེད་སྤྱོད་ལོག་པར་བཏང་སྟེ་འདས་པའི་མི་ལོ་ལྔ་བཅུའི་ནང་ཆུ་གང་བྱུང་དུ་འཕྲོག་ལྷག་གཏོང་རྒྱུ་ཡོད་ཚད་བཏང་ཟིན་པའི་གནས་སྟངས་འོག་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་དུ་མི་དམངས་ཀྱི་འཚོ་བའི་ནང་ཆུ་མཁོ་འདོན་བྱེད་མ་ཐུབ་པར་ཆུ་རྩ་རྫོགས་པའི་གནས་སུ་འགྱུར་རྒྱུའི་ཉེན་ཁར་སླེབས་ཡོད་པ་རེད་ཅེས་དང་ལྷག་པར་དུ་ད་ཆ་ཧི་མ་ལ་ཡ་དང་བོད་ཀྱི་ས་ཁོངས་སུ་ཆགས་པའི་འཁྱགས་རོམ་མྱུར་ཚད་མགྱོགས་པོས་བཞུར་བཞིན་པ་ལྟར་གནས་སྟངས་དེའི་འོག་མ་འོངས་པའི་ཕྱི་ལོ་༢༡༠༠ནང་ཚུད་ལ་ཧི་མ་ལ་ཡ་དང་བོད་ནང་གི་འཁྱགས་རོམ་མང་པོ་ཞིག་མེད་པ་འགྱུར་རྒྱུ་ཡིན་པ་མ་ཟད་འཛམ་གླིང་ཐོག་ཏུ་གནས་པའི་གཙང་ཆུ་ཆེ་ཁག་བདུན་ཅུ་ཙམ་ཡོད་པ་དེ་དག་ཀྱང་མང་ཆེ་བ་ཞིང་ཆུ་འདྲེན་པ་དང་ཟུར་འཇོག་བྱས་ཏེ་ཧ་ལམ་སྐམ་འགྲོ་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་སུ་ཕེབས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས་རེས་གཟའ་ཕུར་བུའི་ཉིན་གཏམ་བཤད་སྤེལ་བའི་ནང་འཛམ་གླིང་ཐོག་ཆུའི་དཀའ་ངལ་དེ་ནི་གནད་དོན་ཆུང་ཆུང་ཞིག་མིན་པ་ཧ་ཅང་གི་གཞི་རྒྱ་ཆེ་བ་ཞིག་ཡིན་པར་བརྟེན་ང་ཚོས་ལས་དོན་དེའི་ཐོག་ངེས་པར་དུ་ནུས་པ་ལྡན་པའི་ཐག་གཅོད་བྱ་དགོས་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎